Skip to main content Skip to search
ngo bo log la phyi rtags ma log pa ni
ID:
T229017
  • ངོ་བོ་ལོག་ལ་ཕྱི་རྟགས་མ་ལོག་པ་ནི (Tibetan, Tibetan script, Original)
    • > ngo bo log la phyi rtags ma log pa ni (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ngowo lok lachi tak malokpa ni (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

འོག་འགྲིམས་རྐུན་བུའི་གྲང་ནད། བད་ཀན་གྲང་བའི་ནད་གཞི་ལ་གཉེན་པོ་དྲོད་སྦྱོར་བསྟེན་དྲགས་ན་གནས་སྐམ་ས་དང་། དུས་སྟོན་དཔྱིད་རང་བཞིན་ཁྲག་མཁྲིས་ཤས་ཆེ་བ་རྣམས་འཕྲད་པས། དེས་ཁྲག་མཁྲིས་ཚ་བ་འཕེལ་བའི་རྐྱེན་བྱས་ཏེ། ནད་ཀྱི་ངོ་བོ་ཚ་བ་རུ་ལོག་པ་ཕྱི་རྟགས་མ་ལོག་པ་གྲང་བའི་ནད་རྟགས་རྣམས་སྔར་བཞིན་བསྡད་པ། དེ་ལ་ཚ་བ་གྲང་བའི་འོག་ཏུ་འགྲིམས་པའི་རྐུན་བུར་སྐྱེ་བའི་ནད་ཟེར། གྲང་བའི་འོག་ཏུ་ཚ་བའི་ནད་གྲིམས་ཡོང་ཞིང་ཡོད་པ་དེ་མ་ཤེས་པ་ད་རུང་མུ་མཐུད་ནས་དྲོད་སྦྱོར་རྣམས་བསྟེན་པས། མེ་འབར་བ་ལ་ཤིང་བསྣན་པ་བཞིན་དུ་ལུས་ཟུངས་བསྲེག་པར་བྱེད་དོ། །དེ་ལ་ཚོར་མ་ཐག་ཏུ་གཉེན་པོ་ཆུ་བཞི་བསྟེན་ན་མྱུར་དུ་ཟློག་ནུས་སོ། །

language:
Tibetan