Skip to main content Skip to search
ngos chen gsum
ID:
T229041
  • ངོས་ཆེན་གསུམ (Tibetan, Tibetan script, Original)
    • > ngos chen gsum (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ngö chen sum (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ངོས་དྲུག་གི་གཟུགས་ཕུང་ཞིག་ལ་མི་རྣམས་ཀྱིས་མཐོང་ཐུབ་པའི་ངོས་གསུམ་མམ་ཡང་ན་ངོས་དྲུག་གི་གཟུགས་ཕུང་ལ། འོད་ལམ་ཞིག་འཕྲོ་བའི་འོག་ཏུ་ཐོན་པའི་གསལ་མུན་རིགས་གསུམ་གྱི་རྣམ་པ་ཤར་ཐུབ་པ་སྟེ། ༡ གསལ་ངོས་སམ་འོད་འཕྲོ་བའི་ངོས། ༢ བར་ཆའི་ངོས་སམ (ནག་སིའི་མདངས།) ཟུར་ངོས་སུ་འོད་ཅུང་ཟད་འཕྲོས་ནས་ཕྱེད་གསལ་ཕྱེད་མུན་གྱི་ནག་སིའི་མདངས་མངོན་ཡོད། ༣ མུན་ངོས་སམ་རྒྱབ་ངོས་བཅས་ཡིན། ནག་བྲིས་བྱ་སྐབས་མི་སྣ་དང་དེ་བཞིན་བྲི་བྱའི་གསལ་མུན་འགྱུར་ལྡོག་ནི་རྟག་ཏུ་ངོས་དྲུག་གཟུགས་ཕུང་ལས་རྙོག་དྲ་དེ་བས་མང་བ་ཡོད་པས། བྲི་བྱའི་རྨང་གཞིའི་བཟོ་ལྟ་དེ་འཛིན་ཐུབ་པའི་ཆེད་དུ་སྤྱིར་བཏང་ཚང་མ་རྩ་བའི་ངོས་ཆེན་གསུམ་ལ་རགས་བསྡུས་བྱས་ཡོད་པ་ཡིན། ངོས་ཆེན་གསུམ་གྱི་གསལ་མུན་གྱི་རྩ་བའི་ཆོས་ཉིད་དེ་འཛིན་ཐུབ་པ་ཡིན་ན་གནད་ལ་འཁེལ་བའི་སྒོ་ནས་བྲི་བྱའི་ཕྲ་ཞིང་ཞིབ་པའི་ཆ་ཤས་ཀྱི་རྙོག་དྲ་ཚ་བའི་གཟུགས་བརྙན་གྱི་འགྱུར་ལྡོག་ལ་ཡང་དག་པའི་སྒོ་ནས་དབྱེ་ཞིབ་དང་བྲི་བྱའི་གཟུགས་བརྙན་དེ་མཚོན་པར་བྱེད་ཐུབ་པ་སྟེ། རི་མོའི་ངོས་སུ་འབུར་གཟུགས་ཀྱི་ཚོར་སྣང་དང་བར་སྟོང་གི་ཚོར་སྣང་མངོན་པར་བྱེད་ཐུབ།

language:
Tibetan