Skip to main content Skip to search
ngos drug tham ga
ID:
T229044
  • ངོས་དྲུག་ཐམ་ག (Tibetan, Tibetan script, Original)
    • > ngos drug tham ga (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ngö druk tam ga (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

དམིགས་བསལ་གྱི་རྣམ་པ་ལྡན་པའི་ཐམ་གའི་རིགས་ཤིག་ཡིན། དེ་ཡང་ཐམ་ག་དེར་ཏོག་ཡོད་ཅིང་། ཏོག་གི་འགྲམ་པའི་ངོས་སུ་བུ་ག་ཡོད་པས། དེར་སྐུད་པ་བརྒྱུས་ནས་ལུང་ཐག་བྱེད། ཐམ་གའི་ཏོག་གི་རྩེར་ཁ་རིས་ཆུང་ངུ་ཞིག་བརྐོས་ཡོད། དེ་བྱིངས་ངོས་ལྔར་ཁ་རིས་ཀྱི་ཡི་གེ་བརྐོས་ཡོད་པར་བརྟེན། ངོས་དྲུག་ཐམ་ག་ཞེས་པའི་མིང་ཐོབ། དེ་བཞིན་གྲུ་བཞི་ནར་མོའམ། གྲུ་བཞི་ཤོ་གཟུགས་ལྟར་གྱི་ངོས་དྲུག་ལ་ཁ་རིས་ཡི་གེ་བརྐོས་པའི་རིགས་ལའང་མིང་དེ་ལྟར་ཟེར།

language:
Tibetan