- 'khor lnga sde/
- ID:
- T22905
- འཁོར་ལྔ་སྡེ (Tibetan, Tibetan script, Original)
- > 'khor lnga sde/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > khorngadé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Rangjung Yeshe Dictionary
the retinue of the Five Disciple [when Buddha Shakyamuni first turned the Wheel of the Dharma]. Syn ལྔ་སྡེ་བཟང་པོ་
- language:
- English
2. Ives Waldo Dictionary
-
the retinue of the five disciples (when Buddha shakyamuni first turned the wheel of the dharma)
- language:
- English
-
the retinue of the five disciples [when Buddha shakyamuni first turned the wheel of the dharma]
- language:
- English
-
the retinue of the five disciples
- language:
- English
3. dung dkar bod rig pa'i tshig mdzod chen mo
ནང་པ་སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ་སངས་རྒྱས་ཤཱཀྱ་ཐུབ་པ་དགུང་ལོ་སོ་ལྔ་པ་ལ་སངས་རྒྱས་པའི་རྗེས་སུ་ཞག་བདུན་ཕྲག་བདུན་ཏེ་ཞག་ཞེ་དགུའི་བར་ཆོས་གསུང་ཡུལ་གྱི་སློབ་མའི་སྣོད་བརྟག་པའི་ཆེད་དུ་ཆོས་མི་གསུང་བར་བཏང་སྙོམས་སུ་བཞུགས་པ་དང༌། སྐབས་དེར་འཇིག་རྟེན་འདིའི་མི་ཚང་མས་ཚངས་པ་དང༌། བརྒྱ་བྱིན་གཉིས་མཐུ་སྟོབས་འགྲན་ཟླ་མེད་པའི་ལྷ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པར་བརྟེན། ལྷ་ཚངས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་ཡོད་པ་དང༌། བརྒྱ་བྱིན་གྱིས་དུང་དཀར་གཡས་འཁྱིལ་ཕུལ་ཏེ་ཆོས་གསུང་བར་གསོལ་བ་བཏབ་པ་ལ་བརྟེན་ནས། ཡུལ་ཝ་ར་ནཱ་སིར་ཕེབས་ཏེ་ཆོས་གསུངས་པའི་སྐབས་ཀྱི་སློབ་མའི་ཐོག་མ་ལྔ(༡ཀུན་ཤེས་རྐོའུ་རྐི་ན་ཡ། ༢རྟ་ཐུལ། ༣རླངས་པ། ༤མིང་ཆེན། ༥བཟང་ལྡན་བཅས)ལ་འཁོར་ལྔ་སྡེ་ཟེར། ཁོང་རྣམས་སངས་རྒྱས་ཤཱཀྱ་ཐུབ་པ་སངས་མ་རྒྱས་གོང་དུ་ཆུ་བོ་ནེ་ར་ཛ་ནའི་འགྲམ་དུ་ལོ་དྲུག་རིང་དཀའ་སྤྱད་མཛད་ནས་བཞུགས་སྐབས་ཡབ་ཟས་གཙང་གིས་ཞབས་ཞུར་བཏང་བའི་འཁོར་གྱི་གཙོ་བོ་ལྔ་ཡིན་པས་ན་འཁོར་ལྔ་སྡེ་ཞེས་བརྗོད་སྲོལ་ཆགས། ལོ་རྒྱུས་ཞིབ་པ་ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་ཀྱིས་མ། ཛད་པའི<<འདུལ་བའི་གླེང་འབུམ>>ལྕགས་དཔར་མའི་ཤོག་གྲངས༥ནས༡༨བར་གསལ།
- language:
- Tibetan
4. Thupten Phuntsok Dictionary
ནང་པ་སངས་རྒྱས་ཆོས་གཞུངས་ལས་སངས་རྒྱས་ཤཱཀྱ་ཐུབ་པ་དགུང་ལོ་སོ་ལྔ་པ་ལ་སངས་རྒྱས་པའི་རྗེས་སུ་ཞག་བདུན་ཕྲག་བདུན་ཏེ་ཞག་ཞེ་དགུའི་བར་ཆོས་གསུང་ཡུལ་གྱི་སློབ་མའི་སྣོད་བརྟག་པའི་ཆེད་དུ་ཆོས་མི་གསུང་བར་བཏང་སྙོམས་སུ་བཞུགས་པ་དང། སྐབས་དེར་ལྷ་ཚངས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་ཡོད་པ་དང་། བརྒྱ་བྱིན་གྱིས་དུང་དཀར་གཡས་འཁྱིལ་ཕུལ་ཏེ་ཆོས་གསུང་བར་གསོལ་བ་བཏབ་པ་ལ་བརྟེན་ནས། ཡུལ་ཝ་ར་ནཱ་སིར་ཕེབས་ཏེ་ཆོས་གསུང་པའི་སྐབས་ཀྱི་སློབ་མའི་ཐོག་མ་ལྔ (༡ ཀུན་ཤེས་ཀཽཎྜི་ནྱ། ༢ རྟ་ཐུལ། ༣ རླངས་པ། ༤ མིང་ཆེན། ༥ བཟང་ལྡན་བཅས) ལ་འཁོར་ལྔ་སྡེ་ཟེར། ཁོང་རྣམས་སངས་རྒྱས་ཤཱཀྱ་ཐུབ་པ་སངས་མ་རྒྱས་གོང་དུ་ཆུ་བོ་ནེ་ར་ཛྙ་ནའི་འགྲམ་དུ་ལོ་དྲུག་རིང་དཀའ་སྤྱད་མཛད་ནས་བཞུགས་སྐབས་ཡབ་ཟས་གཙང་གིས་ཞབས་ཞུར་བཏང་བའི་འཁོར་གྱི་གཙོ་བོ་ལྔ་ཡིན་པས་ན་འཁོར་ལྔ་སྡེ་ཞེས་བརྗོད།
- language:
- Tibetan