- ngos gsum dang ngos bzhi
- ID:
- T229060
- ངོས་གསུམ་དང་ངོས་བཞི (Tibetan, Tibetan script, Original)
- > ngos gsum dang ngos bzhi (Tibetan, Latin script, Transliteration-THL Extended Wylie Transliteration)
- > ngö sum dang ngö shyi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གནའ་བོའི་རྒྱ་སྲོལ་རི་མོར་དཔྱད་བརྗོད་བྱེད་པའི་མིང་ཚིག་ཅིག་ཡིན། རྒྱ་སྲོལ་རི་མོ་མཁས་ཅན་ཚོས་རྒྱུན་དུ་ངོས་གསུམ་དང་། ཡང་ན་ངོས་བཞིའི་ཐབས་ལ་བརྟེན་ནས་བྲི་བྱའི་འབུར་གཟུགས་ཀྱི་ཚོར་སྣང་མངོན་པ་བྱེད་ཀྱི་ཡོད། དཔེར་ན་ཝང་ཝེ་ཡིས་བརྩམས་པའི་རི་ཆུའི་རྣམ་བཤད》ཅེས་པའི་ནང་རྡོ་ལ་ངོས་གསུམ་ཡོད་ཅེས་དང་། ཀོ་ཤིས་ཀྱིས་བརྩམས་པའིནགས་ཚལ་དང་ཆུ་མིག་ལ་བསྟོད་པ》ཞེས་པའི་ནང་མེ་ཏོག་ལ་ངོས་བཞི་ཡོད་ཅེས་འཁོད་ཡོད། ཡང་མི་སྣའི་འགུལ་སྐྱོད་ཀྱི་རྣམ་པ་མི་འདྲ་བ་འབྲི་བར་ངོས་བརྒྱད་འབྲི་བ་ཞེས་ཟེར་སྲོལ་ཡོད། དཔེར་ན། ཨུ་ཏའོ་ཙེ་ཡིས་མི་སྣ་འབྲི་སྐབས་ངོས་བརྒྱད་ཀྱི་གསོན་ཉམས་སྟངས་སྟབས་འབྲི་བཞིན་ཡོད་ཅེས་གསལ།
- language:
- Tibetan