Skip to main content Skip to search
dngul kho dgon
ID:
T229066
  • དངུལ་ཁོ་དགོན (Tibetan, Tibetan script, Original)
    • > dngul kho dgon (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ngul kho gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

དགོན་འདི་ཐོག་མར་རབ་བྱུང་བཞི་པའི་ནང་ཙམ་ན་ཀྱུ་ར་འོད་ཟེར་རྒྱལ་མཚན་གྱིས་བཏབ། བར་སྐབས་སུ་དགོན་པ་འདི་བདག་སྐྱོང་བྱེད་མཁན་མེད་པར་ལྟ་བུར་ཆགས། རབ་བྱུང་བཅོ་ལྔ་པའི་ནང་སྟག་ཞིག་རིན་ཆེན་དབང་ལྡན་གྱིས་གཟིགས་སྐྱོང་གནང་། རབ་བྱུང་བཅོ་ལྔ་པའི་མཇུག་སྤྱི་ལོ་༡༩༢༠ལོའི་སྐོར་ན་ཁོང་གིས་དངུལ་ཁོ་གྲོང་གི་དགོན་པ་དེ་དངུལ་ཁོ་གྲོང་ནས་བྲལ་ཏེ་རི་ཕུག་འདིར་གནས་སྤོས། གྲུབ་མཐའ་བོན་པོ་ཡིན། ད་ལྟ་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་འབྲི་རུ་རྫོང་ཁོངས་སུ་ཡོད།

language:
Tibetan