- dngul chu btso bkru chen mo
- ID:
- T229081
- དངུལ་ཆུ་བཙོ་བཀྲུ་ཆེན་མོ (Tibetan, Tibetan script, Original)
- > dngul chu btso bkru chen mo (Tibetan, Latin script, Transliteration-THL Extended Wylie Transliteration)
- > ngulchu tso tru chenmo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
དངུལ་ཆུའི་དུག་རྣམས་ཕྱིར་བསལ་ནས་བཅུད་ལེན་དུ་བསྒྱུར་པའི་ཆོ་ག་རྒྱས་པའི་མིང་སྟེ། གྲུབ་ཆེན་ཨོ་རྒྱན་པ་རིན་ཆེན་དཔལ་གྱིས་མཛད་པའི་དངུལ་ཆུའི་ཞལ་གདམས་ལས། དངུལ་ཆུ་བཙོ་བཀྲུ་ཆེན་མོ་ཞེས། ཀྵ་ར་རྣམ་གསུམ་དང་། ཟ་བྱེད་རྡོ་བརྒྱད། འཆིང་བྱེད་ལྕགས་བརྒྱད་བཅས་ཀྱི་ནང་དུ་དངུལ་ཆུ་བཙོ་བ་དང་། བཀྲུ་བ། སྦྱངས་པ། འདུལ་བ་བཅས་བྱ་སྟེ། ལྕི་བའི་དུག་དང་། གཡའི་དུག རྩིའི་དུག འབིགས་པའི་དུག་བཅས་ཕྱིར་བསལ་ནས་བཅུད་དུ་ལེན་པའི་རྫས་མཆོག་ཏུ་བསྒྱུར་པའི་ཐབས་ཀྱི་མིང་ངོ་། ཞེས་གསུངས་པ་ལྟར་རོ།
- language:
- Tibetan