- dngul srang chen
- ID:
- T229100
- དངུལ་སྲང་ཆེན (Tibetan, Tibetan script, Original)
- > dngul srang chen (Tibetan, Latin script, Transliteration-THL Extended Wylie Transliteration)
- > ngul sang chen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
དེ་སྔོན་བོད་ས་གནས་སུ་ཡོན་རྒྱལ་རབས་ཀྱིས་དབང་བསྒྱུར་བྱེད་སྐབས་ནས་བཟུང་བོད་དུ་དར་བའི་དངུལ་ལྷད་མེད་སྲང་ལྔ་བཅུ་ཐམ་པ་ལུགས་སུ་བླུགས་པའི་རྟ་རྨིག་མ་ལ་དངུལ་སྲང་ཆེན་ཟེར། དེ་ཡང་བོད་ས་གནས་ཀྱི་གསེར་དངུལ་བར་གྱི་ལྗིད་ཚད་བསྡུར་བའི་ཐང་བཞི་ནི་བོད་སིལ་བུའི་དུས་སྐབས་དང་ཡོན་རྒྱལ་རབས་ཀྱིས་བོད་ས་གནས་སུ་དབང་བསྒྱུར་བྱས་པའི་དུས་སྐབས་དེ་ནས་འབྲུ་ཆུང་གསུམ་གཉིས་རེ་བསྡོམས་དྲུག་གི་ལྗིད་ཚད་དང་མཉམ་པའི་གསེར་ལ་སེ་བ་གང་། གསེར་སེ་བ་བརྒྱད་ལགསེར་ཞོ་གང་། གསེར་ཞོ་བརྒྱད་ལ་གསེར་སྲང་དང་། གསེར་སྲང་བཅུ་དྲུག་ལ་གསེར་བྲེ་གང་དུ་རྩིས་པ་དེ་ནི་སྐབས་དེའི་རྒྱ་གར་ཡུལ་དབུས་མ་ག་ངྷ་་གྲོང་ཁྱེར་གྱི་ཚད་ལྡན་འདེགས་ཚད་ཡིན་ཅིང་། གསེར་སྲང་གང་ལ་བོད་དངུལ་སྲང་དོ། བོད་དངུལ་སྲང་བརྒྱད ( གསེར་སྲང་བཞི ) ལ་དངུལ་བྲེ་གང་། དངུལ་སྲང་བཅུ་ལུགས་སུ་བླུགས་པའི་དངུལ་ལ་བཅུ་ཁོག་གཅིག དངུལ་སྲང་སུམ་ཅུ་སོ་གཉིས་ལ་( གསེར་སྲང་བཅུ་དྲུག ) དངུལ་སྲང་ལྔ་བཅུ་ཐམ་པ་ལ་དངུལ་བྲེ་ཆེན་གཅིག ( གསེར་སྲང་ཉི་ཤུ་རྩ་ལྔ ) ཡིན་པར་འདུལ་བའི་ཡིག་ཆ་ཁག་དང་། << མ་བྱིན་ལེན་གྱི་ཉེསཔའི་རིན་ཐང་གི་ཚད་བཤད་པ >> ཞེས་པར་གསལ། ཡང་སྐབས་རེ་རྒྱ་དངུལ་རྟ་རྨིག་མ་ལའང་གོ་བ་སྟེ། རྒྱ་དངུལ་སྲང་ལྔ་བཅུ་ཐམ་པ་ལུགས་སུ་བླུགས་པའི་དབྱིབས་རྟའི་རྨིག་པ་ལྟ་བུར་ཡོད་པ་སྟེ། དེའི་འོག་མ་སྲང་བཅུ་ཡོད་པའི་ལུག་རྨིག་མའམ་བཅུ་ཁོག་ཟེར་བ་ཞིག་ཀྱང་ཡོད། ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་དང་། བདུན་པའི་སྐབས་རྒྱ་དངུལ་རྟ་རྨིག་མ་གཅིག་ཡོད་པའི་མི་ཚང་ལ་མི་གཞན་དག་གིས་མི་ཚང་འདི་ལ་དངུལ་གྱི་འང་གུ ( དངུལ་གྱི་ཕུག་རོན ) ཡོད་པ་རེད་ཟེར་ནས་ཧ་ཅང་འབྱོར་པ་དང་ལྡན་པར་བརྩི་སྲོལ་ཡོད།
- language:
- Tibetan
2. Thupten Phuntsok Dictionary
སྔོན་ཡོན་རྒྱལ་རབས་ཀྱིས་སྐབས་ནས་བཟུང་བོད་དུ་དར་བའི་དངུལ་ལྷད་མེད་སྲང་ལྔ་བཅུ་ཐམ་པ་ལུགས་སུ་བླུགས་པའི་རྟ་རྨིག་མ་ལ་དངུལ་སྲང་ཆེན་ཟེར་རོ། །
- language:
- Tibetan