- dngos po phan tshun gyi dgos mkho
- ID:
- T229131
- དངོས་པོ་ཕན་ཚུན་གྱི་དགོས་མཁོ (Tibetan, Tibetan script, Original)
- > dngos po phan tshun gyi dgos mkho (Tibetan, Latin script, Transliteration-THL Extended Wylie Transliteration)
- > ngöpo pentsün gyi gö kho (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གནའ་བོའི་རྒྱ་སྲོལ་རི་མོའི་རྒྱུན་སྤྱོད་ཐ་སྙད་ཅིག་ཡིན། དཔེར་ན། ནགས་ཚལ་སྟུག་པོའི་རྣམ་པ་མཚོན་པར་བྱེད་དགོས་ན་ལྗོན་ཤིང་གི་བར་གསེང་དུ་ན་བུན་འབྲི་དགོས་པ་ཡིན། དེ་ནི་ལྗོན་ཤིང་དང་ན་བུན་བར་གྱི་ཕན་ཚུན་དགོས་མཁོ་ཞིག་ཡིན། དེ་བཞིན་ཁང་པ་འབྲི་སྐབས་རི་མོ་མང་ཆེ་བ་འཕྲེད་དུ་གནས་པར་བརྟེན། དེའི་དགོས་འཁོར་ཁང་པའི་རྒྱབ་ལྗོངས་དང་གཡས་གཡོན་དུ་ལྗོན་ཤིང་རིང་པོ་འབྲི་དགོས་པ་ཡིན། དེ་ནི་འཕྲེད་ཀྱི་རི་མོ་དང་གཞུང་གི་རི་མོའི་དགོས་མཁོ་ཡིན། ད་དུང་བརྗོད་བྱ་གཙོ་བོ་དང་མཛེས་ཚོན་སྤེལ་ཟླའི་བར་གྱི་དགོས་མཁོ། ཡོད་པ་དང་མེད་པའི་བར་གྱི་དགོས་མཁོ། སྟུག་པོ་ཡོད་སར་སྐྱ་ཚོའི་བར་གྱི་དགོས་མཁོ་སྲབ་པོ་ཡོད་སར་ཉེ་རིང་བར་གྱི་དགོས་མཁོ་བཅས་ཡོད། དེས་ཡུལ་ཁམས་རྒྱ་ཆེ་བའི་རྣམ་པ་མཚོན་ཐུབ།
- language:
- Tibetan