Skip to main content Skip to search
dngos spyod mdzes rtsal
ID:
T229140
  • དངོས་སྤྱོད་མཛེས་རྩལ (Tibetan, Tibetan script, Original)
    • > dngos spyod mdzes rtsal (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ngö chö dzé tsal (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རྒྱུན་སྤྱོད་ཀྱི་བཟོ་རྩལ་མཛེས་རིས་ལ་ཟེར། དེ་ནི་མང་ཚོགས་རང་བཞིན་ལྡན་པའི་ཡོངས་ཁྱབ་ཀྱི་སྒྱུ་རྩལ་རྣམ་པ་ཞིག་ཡིན་པ་དང་། དེར་མི་རིགས་རིག་གནས་ཀྱི་སྤྱིའི་གྲུབ་ཆའི་ཕྱོགས་ཤིག་ཡོད། དཔལ་འབྱོར་ཐད་ནས་བཤད་ན། ཡང་བའི་བཟོ་ལས་ཀྱི་ཐོན་རྫས་དང་། ལག་ཤེས་བཟོ་ལས་ཀྱི་ཐོན་རྫས། དེ་བཞིན་འཁལ་འཐག་སོགས་ཀྱི་བཟོ་ལས་ཁོངས་ནས་ཐོན་སྐྱེད་བྱས་པའི་སྣ་མང་ཕུན་སུམ་ཚོགས་པའི་མང་ཚོགས་ཀྱི་རྒྱུན་སྤྱོད་དངོས་པོ་རྣམས་ཀྱང་ཁོངས་སུ་གཏོགས་ཡོད། འོན་ཀྱང་རིག་གནས་སྒྱུ་རྩལ་གྱི་ངོས་ནས་བཤད་ན། གོང་གསལ་བཟོ་ལས་ཀྱི་ཐོན་རྫས་དེ་དག་གི་ཁག་མི་ཉུང་བ་ཞིག་ལ་དབྱིབས་སྐྲུན་དང་ཚོན་མདོག མཛེས་རྒྱན་སྤྲས་པ་སོག་ཚད་གཞི་མི་འདྲ་བའི་སྒོ་ནས་མཛེས་རྩལ་གྱི་འཆར་འགོད་དང་ལས་སྣོན་བྱས་ཡོད།

language:
Tibetan