- dngos dbyibs la brten nas bsam blo gtong ba
- ID:
- T229141
- དངོས་དབྱིབས་ལ་བརྟེན་ནས་བསམ་བློ་གཏོང་བ (Tibetan, Tibetan script, Original)
- > dngos dbyibs la brten nas bsam blo gtong ba (Tibetan, Latin script, Transliteration-THL Extended Wylie Transliteration)
- > ngö yib la ten né samlo tongwa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གནའ་བོའི་རྒྱ་སྲོལ་རི་མོར་དཔྱད་བརྗོད་བྱེད་པའི་མིང་ཚིག་ཅིག་ཡིན། རི་མོ་མཁན་གྱིས་བསམ་བློ་གཏོང་སྐབས་མཐོང་བའི་དངོས་པོའི་དབྱིབས་དང་ཁ་མི་བྲལ་བ་བྱེད་དགོས་པ་དང་། དངོས་པོའི་གཟུགས་དབྱིབས་ལ་བརྟེན་ནས་བསམ་བློ་གཏོང་དགོས། དེའི་ཐོག་ནས་སྒྱུ་རྩལ་གྱི་སྙིང་བསྡུས་ནི་ཞིབ་ཕྲའི་གཟུགས་དབྱིབས་འགའ་ཞིག་ལ་བརྟེན་ནས་སྙིང་བསྡུས་བྱེད་ཅིང་། བསམ་གཞིགས་བྱེད་སྟངས་ཐད་ཞིབ་ཕྲའི་བཟོ་དབྱིབས་དང་ཁ་བྲལ་ཐབས་མེད་པ་དེ་མཚོན་ཡོད་པས། དེར་གཟུགས་ལ་བརྟེན་ནས་བསམ་བློ་གཏོང་བ་ཞེས་ཟེར།
- language:
- Tibetan