- dngos yod dang ngo ma
- ID:
- T229157
- དངོས་ཡོད་དང་ངོ་མ (Tibetan, Tibetan script, Original)
- > dngos yod dang ngo ma (Tibetan, Latin script, Transliteration-THL Extended Wylie Transliteration)
- > ngö yö dang ngoma (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རྒྱུན་དུ་འཚོ་བའི་ནང་དང་ཕྱི་རོལ་ཡུལ་དུ་གནས་པའི་དངོས་པོ་དེར་དངོས་ཡོད་ཅེས་ཟེར། དེར་སྤྱིར་བཏང་དང་། དཔེར་འོས། ངོ་བོ་བཅས་ཀྱི་རྣམ་པ་ལྡན་ཡོད། འཚོ་བའི་ནང་གི་ངོ་མ་ནི་འགའ་ཞིག་ཙམ་དང་ངོ་བོ་མི་ལྡན་པ་གློ་བུར་དུ་ཐོན་པའི་རྣམ་པ་ཞིག་ཡིན། ནང་གི་དངོས་པོའི་ངོ་བོ་མཚོན་པ་དེ་ཡིན་པ་སྟེ། འཚོ་བ་དངོས་དེ་སྒྱུ་རྩལ་གྱི་ནང་དུ་མཚོན་དགོས་པ་ཡིན། དཔེར་ན། བརྩམ་བྱ་ཞིག་གི་ནང་འཚོ་བའི་གནས་ཚུལ་ངོ་མ་ཞིག་མཚོན་པར་བྱས་ཡོད་ནའང་སྒྱུ་རྩལ་གྱི་ངོས་ནས་བཤད་ན་ད་དུང་ངོ་མ་ཞིག་མ་ཡིན་པར་འཚོ་བའི་ནང་གི་ཆ་ཤས་དང་གློ་བུར་དུ་ཐོན་པའི་རྣམ་པ་ཙམ་ཞིག་ཡིན། ཚོན་དེ་གསུམ་གྱིས་གཙོ་བོ་བྱས་ནས་བྲིས་པའི་རི་མོར་གསེར་དང་སྤང་མཐིང་གི་རི་ཆུའི་རི་མོ་ཞེས་ཟེར།
- language:
- Tibetan