- mnga' bdag chos rje chos kyi bla ma
- ID:
- T229178
- མངའ་བདག་ཆོས་རྗེ་ཆོས་ཀྱི་བླ་མ (Tibetan, Tibetan script, Original)
- > mnga' bdag chos rje chos kyi bla ma (Tibetan, Latin script, Transliteration-THL Extended Wylie Transliteration)
- > ngadak chöjé chö kyi lama (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འདི་ཉིད་རབ་བྱུང་གསུམ་པའི་ཤིང་འབྲུག ( ༡༡༨༤ ) ལོར་ཤབ་སྒོ་ལྔའི་སྣ་རིང་དུ་སྐུ་འཁྲུངས། དཔལ་ལྡན་གྲོ་མོ་ཆེ་ལས་བསྙེན་པར་རྫོགས། མཁན་པོ་གོང་མ་གཉིས་ནས་གདམས་ངག་ཕལ་མོ་ཆེ་གསན་ཏེ་མཁྱེན་པ་ཤིན་ཏུ་ཆེ་བས་ཞང་ཐམས་ཅད་མཁྱེན་པར་གྲགས། འདིས་མཛད་པའི་བཤེས་གཉེན་སྟོན་པའི་རྣམ་ཐར་ཡོད་ཅིང་། པོ་ཏོ་བ་དང་ཤ་ར་བའི་རྣམ་ཐར་ཡང་ཕལ་ཆེར་འདིས་མཛད་ཚོད། སྣར་ཐང་གི་གདན་ས་ལོ་བཅུ་མཛད་དེ་དགུང་ལོ་ང་བརྒྱད་བཞེས་པ་རབ་བྱུང་བཞི་པའི་ལྕགས་གླང ( ༡༢༤༡ ) ལོའི་ས་ཟླའི་ཚེས་ཉེར་གཅིག་ཉིན་མྱ་ངན་ལས་འདས། གདུང་རྟེན་ནི་གདན་ས་བཞི་པའི་གདུང་རྟེན་བར་བཞུགས་སོ།
- language:
- Tibetan
2. Thupten Phuntsok Dictionary
འདི་ཉིད་རབ་བྱུང་གསུམ་པའི་ཤིང་འབྲུག (༡༡༨༤) ལོར་ཤབ་སྒོ་ལྔའི་སྣ་རིང་དུ་སྐུ་འཁྲུངས། དཔལ་ལྡན་གྲོ་མོ་ཆེ་ལས་བསྙེན་པར་རྫོགས། མཁན་པོ་གོང་མ་གཉིས་ནས་གདམས་ངག་ཕལ་མོ་ཆེ་གསན་ཏེ་མཁྱེན་པ་ཤིན་ཏུ་ཆེ་བས་ཞང་ཐམས་ཅད་མཁྱེན་པར་གྲགས། འདིས་མཛད་པའི་བཤེས་གཉེན་སྟོན་པའི་རྣམ་ཐར་ཡོད་ཅིང་། པོ་ཏོ་བ་དང་ཤ་ར་བའི་རྣམ་ཐར་ཡང་ཕལ་ཆེར་འདིས་མཛད་ཚོད། སྣར་ཐང་གི་གདན་ས་ལོ་བཅུ་མཛད་དེ་དགུང་ལོ་ང་བརྒྱད་བཞེས་པ་རབ་བྱུང་བཞི་པའི་ལྕགས་གླང (༡༢༤༡) ལོའི་ཟླའི་ཚེས་ཉེར་གཅིག་ཉིན་མྱ་ངན་ལས་འདས། གདུང་རྟེན་ནི་གདན་ས་བཞི་པའི་གདུང་རྟེན་བར་བཞུགས་སོ། །
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་གསུམ་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ 1184 ལོར་ཤབ་སྒོ་ལྔའི་སྣ་རིང་དུ་སྐུ་འཁྲུངས། རབ་བྱུང་བཞི་པའི་ལྕགས་མོ་གླང་ལོ་སྟེ་སྤྱི་ལོ 1241 ལོར་སྐུ་གཤེགས། ཁོང་དཔལ་ལྡན་གྲོ་མོ་ཆེ་ལས་བསྙེན་པར་རྫོགས། མཁན་པོ་གྲོ་སྟོན་བདུད་རྩི་གྲགས་པ་ལས་བཀའ་གདམས་པའི་གདམས་ངག་ཕལ་མོ་ཆེ་གསན་ཏེ་མཁྱེན་པ་ཤིན་ཏུ་ཆེ་བས་ཞང་ཐམས་ཅད་མཁྱེན་པར་གྲགས། ཁོང་གིས་བཤེས་གཉེན་སྟོན་པའི་རྣམ་ཐར་དང་། པོ་ཏོ་བ་དང་ཤ་ར་པའི་རྣམ་ཐར་བཅས་མཛད་ཡོད། སྣར་ཐང་གི་གདན་ས་ལོ་ངོ་བཅུའི་རིང་དུ་བསྐྱངས་བ་རེད། ཁོང་གི་གདུང་རྟེན་ནི་གདན་ས་བཞི་པའི་གདུང་རྟེན་གྱི་བར་དུ་བཞུགས་སོ། ཁོང་ནི་དཔལ་སྣར་ཐང་དགོན་གྱི་གདན་རབས་ལྔ་བ་ཡིན། །
- language:
- Tibetan