- mnga' bdag rtse lde
- ID:
- T229181
- མངའ་བདག་རྩེ་ལྡེ (Tibetan, Tibetan script, Original)
- > mnga' bdag rtse lde (Tibetan, Latin script, Transliteration-THL Extended Wylie Transliteration)
- > ngadak tsé dé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
སྟོད་ཀྱི་མགོན་གསུམ་གྱི་རྒྱུད་པ། མངག་བདག་འདི་ཉིད་བྱང་ཆུབ་འོད་ཀྱི་གཅེན་པོ་འོད་ལྡེའི་སྲས་ཡིན། འདི་ཉིད་ཀྱིས་པཎྜི་ཏ་ཞི་བ་བཟང་པོ་དང་། མཁས་པ་ཛྙཱ་ན་ཤཱི། འཆི་བ་མེད་པ་ར་ཧེ་ཏ། པཎྜི་ཏ་ག་ཡ་ངྷ་ར། བཙུན་མོ་ཅན། པཎྜི་ཏ་པུནྱ་ཤྲཱི། སུརྱ་སི་ཏི། པཎྜི་ཏ་སུ་མ་ཏི་ཀིརྟི། པཎྜི་ཏ་གཞོན་ནུ་བུམ་པ། གསེར་གྱི་གོ་ཆ། བལ་པོ་བྷམ་ལནྡྲ་རྣམས་གདན་དྲངས་ཤིང་། རབ་བྱུང་དང་པོའི་མེ་འབྲུག ( ༡༠༧༦ ) ལོར་དབུས་གཙང་ཁམས་གསུམ་གྱི་སྡེ་སྣོད་འཛིན་པ་ཕལ་ཆེར་མངའ་རིས་སུ་འདུས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བའི་བསྙེན་བཀུར་དང་བདག་རྐྱེན་བླ་ན་མེད་པ་མཛད་པ་མ་ཟད། རྒྱ་གར་ནས་བྱོན་པའི་པཎྜི་ཏ་དེ་རྣམས་དང་བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་མདོ་སྔགས་ཀྱི་ཆོས་ཚུལ་མཐའ་ཡས་པ་བསྒྱུར་ཞུས་ཀྱིས་རྒྱ་ཆེར་སྤེལ་བས་བོད་ལ་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་མི་འདྲ་བ་ཁག་མང་པོ་ཐོན་པའི་འགོ་ཚུགས། དེ་བཞིན་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་རྒྱ་གར་དུ་བརྫངས་པའི་བདག་རྐྱེན་མཛད་པ་སོགས་བོད་ཀྱི་རིག་གནས་ཆེས་ཆེར་སྤེལ་བའི་བྱ་བར་མངའ་བདག་འདི་ཉིད་ཀྱིས་མཛད་རྗེས་ཆེན་པོ་འཇོག་གནང་མཛད་ཡོད།
རྩེ་ལྡེའི་སྲས་འབར་ལྡེ།
བཀྲ་ཤིས་ལྡེ།
ལྷ་སྡེ།
ནཱ་ག་དེ་ཝ་རྣམས་རིམ་པར་འཁྲུངས་པའི་རྒྱུད་པ་མངའ་རིས་ཀྱི་ཕྱོགས་སུ་གྱེས་ནས་མངའ་རིས་ཀྱི་བཙན་པོ་ཕལ་ཆེ་བ་བྱུང་།
- language:
- Tibetan
2. Thupten Phuntsok Dictionary
སྟོད་ཀྱི་མགོན་གསུམ་གྱི་རྒྱུད་པ། མངའ་བདག་འདི་ཉིད་བྱང་ཆུབ་འོད་ཀྱི་གཅེན་པོ་འོད་ལྡེའི་སྲས་ཡིན། འདི་ཉིད་ཀྱིས་པཎྜི་ཏ་ཞི་བ་བཟང་པོ་དང་། མཁས་པ་ཛྙ་ན་ཤྲཱི། འཆི་བ་མེད་པ་ར་ཧེ་ཏ། པཎྜི་ཏ་ག་ཡ་དྷ་ར། བཙུན་མོ་ཅན། པཎྜི་ཏ་པུ་ནྱ་ཤྲཱི། སུརྱ་སི་ཏི། པཎྜི་ཏ་སུ་མ་ཏི་ཀི་རྟི། པཎྜི་ཏ་གཞོན་ནུ་བུམ་པ། གསེར་གྱི་གོ་ཆ། བལ་པོ་བྷམ་ལནྡྲ་རྣམས་གདན་དྲངས་ཤིང་། རབ་བྱུང་དང་པོའི་མེ་འབྲུག (༡༠༧༦) ལོར་དབུས་གཙང་ཁམས་གསུམ་གྱི་སྡེ་སྣོད་འཛིན་པ་ཕལ་ཆེར་མངའ་རིས་སུ་འདུས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བའི་བསྙེན་བཀུར་དང་བདག་རྐྱེན་བླ་ན་མེད་པ་མཛད་པ་མ་ཟད། རྒྱ་གར་ནས་བྱོན་པའི་པཎྜི་ཏ་དེ་རྣམས་དང་བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་མདོ་སྔགས་ཀྱི་ཆོས་ཚུལ་མཐའ་ཡས་པ་བསྒྱུར་ཞུས་ཀྱིས་རྒྱ་ཆེར་སྤེལ་བས་བོད་ལ་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་མི་འདྲ་བ་ཁག་མང་པོ་ཐོན་པའི་འགོ་ཚུགས། དེ་བཞིན་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་རྒྱ་གར་བརྫངས་པའི་བདག་རྐྱེན་མཛད་པ་སོགས་བོད་ཀྱི་རིག་གནས་ཆེས་ཆེར་སྤེལ་བའི་བྱ་བར་མངའ་བདག་འདི་ཉིད་ཀྱིས་མཛད་རྗེས་ཆེན་པོ་འཇོག་གནང་མཛད་ཡོད། རྩེ་ལྡེའི་སྲས་འབར་ལྡེ། ལྷ་ལྡེ། ནཱ་ག་དེ་ཝ་རྣམས་རིམ་པར་འཁྲུངས་པའི་རྒྱུད་པར་མངའ་རིས་ཀྱི་ཕྱོགས་སུ་གྱེས་ནས་མངའ་རིས་ཀྱི་བཙན་པོ་ཕལ་ཆེ་བ་བྱུང་།
- language:
- Tibetan