- mnga' ris sgar dpon
- ID:
- T229188
- མངའ་རིས་སྒར་དཔོན (Tibetan, Tibetan script, Original)
- > mnga' ris sgar dpon (Tibetan, Latin script, Transliteration-THL Extended Wylie Transliteration)
- > ngari gar pön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
དེར་སྒར་དཔོན་མི་གཉིས་ཡོད་པ་དེ་གཉིས་སྒར་རྫོང་ལ་བཅའ་སྡོད་བྱེད་པ་དང་། དེའི་མངའ་ཞབས་པུ་ཧྲེངས་དང་། རྩེ་ཧྲེངས། རུ་ཐོག རྩེ་མཐོང་སྒར་སོགས་རྫོང་ཁག་བཞི་དང་འབྲོག་ཁུལ་བཅུ་གཉིས་བཅས་ཡོད་པར་སྟོང་དཔོན་དང་བརྒྱ་དཔོན་ཞེས་འགོ་པ་བཙུགས་ཡོད་པ་དེ་དག་མང་ཆེ་བ་ཕ་ཤུལ་བུ་འཛིན་བྱེད། མགོ་དཔོན་ཆེ་གྲས་སུ་གནམ་རུ་དཔོན་དང་། གཙོ་གཙོ་དཔོན། འབྲོང་པ་དཔོན། ཆུ་སྡེ་དཔོན་ཡོད།
- language:
- Tibetan
2. Thupten Phuntsok Dictionary
དེར་སྒར་མི་གཉིས་ཡོད་པ་དེ་གཉིས་སྒར་རྫོང་ལ་བཅའ་སྡོད་བྱེད་པ་དང་། དེའི་མངའ་ཞབས་སུ་པུ་རངས་དང་། རྩེ་རངས། རུ་ཐོག རྩེ་མཐོང་སྒར་སོགས་རྫོང་ཁག་བཞི་དང་འབྲོག་ཁུལ་བཅུ་གཉིས་བཅས་ཡོད་པར་སྟོད་དཔོན་དང་བརྒྱ་དཔོན་ཞེས་འགོ་པ་བཙུགས་ཡོད་པ་དེ་དག་མང་ཆེ་བ་ཕ་ཤུལ་བུ་འཛིན་བྱེད། འགོ་དཔོན་ཆེ་གྲས་སུ་གནམ་རུ་དཔོན་དང་། གཙོ་གཙོ་དཔོན། འབྲོང་པ་དཔོན། ཆུ་སྡེ་དཔོན་སོགས་ཡོད།
- language:
- Tibetan