- mngal skran chu bur can
- ID:
- T229198
- མངལ་སྐྲན་ཆུ་བུར་ཅན (Tibetan, Tibetan script, Original)
- > mngal skran chu bur can (Tibetan, Latin script, Transliteration-THL Extended Wylie Transliteration)
- > ngal tren chubur chen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ནད་ཀྱི་རྟགས་ལ་ལྟོས་ནས་བཏགས་པའི་མངལ་གྱི་ནང་དུ་སྐྲན་ཆུ་བུར་ལྟར་མང་པོར་ཆགས་ཤིང་མངལ་སྒོ་ནས་ཆུ་སེར་འཛགས་པའི་མངལ་སྐྲན་རིགས་ཤིག་གི་མིང་སྟེ། འབྲི་གུང་ཆོས་གྲགས་ཀྱིས་མཛད་པའི་མངལ་བཤལ་རྡོ་རྗེ་ཕ་ལམ་ལས། མངལ་སྐྲན་ཆུ་བུར་ཅན་ནི། མངལ་དུ་ཆུ་བུར་ལྟ་བུའི་ཆུ་སེར་འདྲེས་པའི་སྐྲན་ཐུམ་མང་པོར་ཆགས་ནས་དུས་མིན་དུ་མངལ་སྒོ་ནས་ཆུ་སེར་འཛགས་པ་ཞིག་གོ། ཞེས་དང་། སོག་པོ་ལུང་རིགས་བསྟན་དར་གྱིས་མཛད་པའི་རྒྱུད་བཞིའི་བརྡ་བཀྲོལ་རྣམ་རྒྱལ་ཨ་རུའི་ཕྲེང་བའི་མཛེས་རྒྱན་ལས། ཆུ་བུར་ཅན་ནི་མངལ་སྐྲན་ཆུ་བུར་ལྟར་ཆགས་པ། ཞེས་གསུངས།
- language:
- Tibetan