- mngal dang shod zla rtsis pa'i nyi shu
- ID:
- T229201
- མངལ་དང་ཤོད་ཟླ་རྩིས་པའི་ཉི་ཤུ (Tibetan, Tibetan script, Original)
- > mngal dang shod zla rtsis pa'i nyi shu (Tibetan, Latin script, Transliteration-THL Extended Wylie Transliteration)
- > ngal dang shöda tsipé nyishu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
སངས་རྒྱས་ཆོས་ལུགས་ཀྱི་འདུལ་བའི་གཞུང་ནས་བཤད་སྲོལ་ལ་བྱིས་པ་ལོ་བདུན་ནས་ཆོས་སྒོར་བཞུགས་ཏེ་ཐོག་མར་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་ཞུས། དེ་ནས་རང་ལོ་ཉི་ཤུར་མ་སླེབས་ན་དགེ་སློང་གི་སྡོམ་པ་ཞུས་མི་ཆོག རང་ལོ་བཅུ་དགུར་སླེབས་རྗེས་རང་ཉིད་མའི་མངལ་དུ་ཟླ་དགུ་ངོ་བཅུ་བསྡད་པ་དང་རང་ལོ་བདུན་ནས་རང་ལོ་བཅུ་དགུའི་བར་ལོ་ངོ་བཅུ་གཉིས་ལ་ཟླ་བཤོལ་གསུམ་འོང་བ་བསྣན་ན་ལོ་གཅིག་ལྷག་ཙམ་ཡོད་པས་དོན་ལ་ལོ་ཉི་ཤུར་སླེབས་ཟིན་པ་དང་ཁྱད་པར་མེད་པ་དེར་ཟེར།
- language:
- Tibetan
2. Thupten Phuntsok Dictionary
སངས་རྒྱས་ཆོས་ལུགས་ཀྱི་འདུལ་བའི་གཞུང་ནས་བཤད་སྲོལ་ལ་བྱིས་པ་ལོ་བདུན་ནས་ཆོས་སྒོར་ཞུགས་ཏེ་ཐོག་མར་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་ཞུས། དེ་ནས་རང་ལོ་ཉི་ཤུར་མ་སླེབས་ན་དགེ་སློང་གི་སྡོམ་པ་ཞུས་མི་ཆོག རང་ལོ་བཅུ་དགུར་སླེབས་རྗེས་རང་ཉིད་མའི་མངལ་དུ་ཟླ་དགུ་ངོ་བཅུ་བསྡད་པ་དང་རང་ལོ་བདུན་ནས་རང་ལོ་བཅུ་དགུའི་བར་ལོ་ངོ་བཅུ་གཉིས་ལ་ཟླ་བཤོལ་གསུམ་འོང་བ་བསྣན་ན་ལོ་གཅིག་ལྷག་ཙམ་ཡོད་པས་དོན་ལ་ལོ་ཉི་ཤུར་སླེབས་ཟིན་པ་དང་ཁྱད་པར་མེད་པ་དེར་ཟེར།
- language:
- Tibetan