- rnga pa snang zhig dgon
- ID:
- T229240
- རྔ་པ་སྣང་ཞིག་དགོན (Tibetan, Tibetan script, Original)
- > rnga pa snang zhig dgon (Tibetan, Latin script, Transliteration-THL Extended Wylie Transliteration)
- > ngapa nang shyik gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རྔ་པ་བོད་རིགས་རང་སྐྱོང་ཁུལ་རྔ་པ་རྫོང་ལྟེ་བའི་གྲོང་རྡལ་གྱི་ཤར་ལྷོའི་མཚམས་ཀྱི་རི་ལྡེབས་ན་ཆགས་ཡོད། དགོན་འདི་དུས་ནམ་ཞིག་ལ་ཕྱག་བཏབ་མིན་མ་ཤེས་རུང་། གང་ལྟར་གནའ་བོའི་བོན་དགོན་རྙིང་གྲས་ཤིག་ཡིན་པ་གདོན་མི་ཟ། བླ་མ་སྣང་སྐྱབས་མགོན་ནམ་མཁའ་བློ་གྲོས་ཀྱིས་གཙོ་བོར་མཛད་པའི་བླ་མ་རིམ་བྱོན་གྱི་དྲིན་ལས་གཤེན་བསྟན་སྨན་རི་བའི་རིང་ལུགས་འཛིན་སྐྱོང་སྤེལ་གསུམ་གྱིས་བསྟན་པ་སྐྱོང་མུས་སུ་མཆིས། དགོན་འདིར་སྐུ་གསུང་ཐུགས་རྟེན་རྩ་ཆེན་མང་པོ་དང་། སྒྱུ་རྩལ་པའི་སོར་མོའི་འདུ་བྱེད་ལས་ཐོན་པའི་བྲིས་འབུར་གྱི་སྣང་བརྙན་ངོ་མཚར་ཅན་ཤིན་ཏུ་མང་ངོ་། །
- language:
- Tibetan