Skip to main content Skip to search
rnga yul ki rti dgon chen
ID:
T229250
  • རྔ་ཡུལ་ཀི་རྟི་དགོན་ཆེན (Tibetan, Tibetan script, Original)
    • > rnga yul ki rti dgon chen (Tibetan, Latin script, Transliteration-THL Extended Wylie Transliteration)
    • > nga yul ki ti gön chen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རྔ་བ་བོད་རིགས་རང་སྐྱོང་ཁུལ་རྔ་པ་རྫོང་གི་ལྟེ་བའི་གྲོང་རྡལ་དང་ཉེ་བའི་བྱང་ཤར་ཕྱོགས་སུ་གནས་པའི་རི་བོ་དགེ་ལྡན་པའི་ཆོས་སྡེ་ཆེན་པོ་ཞིག་ཡིན། དགོན་འདི་རྗེ་བློ་བཟང་འཕྲིན་ལས་དཀོན་མཆོག་བསྟན་པ་རྒྱ་མཚོས་ (༡༨༦༠) ལོར་ཕྱག་བཏབ། དེར་གཙོ་བོ་མཚན་ཉིད་གྲྭ་ཚང་དང་། རྒྱུད་པ་གྲྭ་ཚང་། དུས་འཁོར་གྲྭ་ཚང་བཅས་ཡོད། དེང་སྐབས་དགེ་འདུན་སྟོང་ཕྲག་གཉིས་ལྷག་བཞུགས་སྐད། རྟེན་དང་བརྟེན་པ་གཙོ་བོ་ལ། ཚོགས་ཆེན་འདུ་ཁང་དང་། སངས་རྒྱས་སྟོང་སྐུའི་ལྷ་ཁང་། བྱམས་ཁང་། མགོན་ཁང་། བདུད་བཏུལ་མཆོད་རྟེན། རྒྱལ་བའི་བཀའ་བསྟན་འགྱུར། ཐུབ་པ་རྡོར་གདན་མས་གཙོས་གསེར་ཟངས་ཀྱི་སྣང་བརྙན་གྲངས་ལས་འདས་པ། དེ་བཞིན་ལྡེབས་རིས་དང་བྲིས་ཐང་བཅས་རིགས་སྒྱུ་རྩལ་ཤིན་ཏུ་ཕུན་སུམ་ཚོགས་པོ་ཡོད།

language:
Tibetan