- rngog byang chub 'byung gnas
- ID:
- T229274
- རྔོག་བྱང་ཆུབ་འབྱུང་གནས (Tibetan, Tibetan script, Original)
- > rngog byang chub 'byung gnas (Tibetan, Latin script, Transliteration-THL Extended Wylie Transliteration)
- > ngok changchub jungné (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ཀླུ་མེས་ཀྱི་སློབ་མ་ཀ་བ་བཞིའི་ཡ་གྱལ། འདི་ཉིད་ལྕགས་ཁྱི( ༡༠༡༠ )ལོར་ཀླུ་མེས་ཀྱི་དྲུང་དུ་རབ་ཏུ་བྱུང་། རྔོག་གིས་ལྕགས་ཕག( ༡༠༡༡ )ལོར་ཡེར་པ་བ་རེང་བཟུང་། བཟད་ཀྱི་ལྡིང་པ། ཆུ་ཤུལ་ན་བོ། སྦུས་སྡེ་ལྷོ་གོང་། ཡོལ་ཐང་། ལབ་སོ། གྲལ་མ་ཐང་། ཁ་རག་སོ་གཅིག གཞུ་ཀུན་དགའ་ར་བ། ཚ་མིག་སོགས་བཞེངས། ལྷོ་ནུབ་ཀྱི་ལྷ་མདོ་ལ་སོགས་པའི་འབྲེ་ཚོ་ཡང་རྔོག་གི་སྐོར་ལགས། དེ་རྣམས་ལ་རྔོག་སྐོར་དུ་གྲགས། ཇོ་བོ་རྗེ་མངའ་རིས་ནས་དབུས་གཙང་དུ་ཕེབས་པའི་ཕྱི་ལོ་རྔོག་གིས་བྲག་ཡེར་པར་གདན་དྲངས་ནས་བསྙེན་བཀུར་གཟབ་རྒྱས་ཐོག་ཆོས་མང་པོ་གསན། འདི་ཉིད་ཇོ་བོའི་སློབ་མ་ཡང་ཡིན།
- language:
- Tibetan
2. Thupten Phuntsok Dictionary
ཀླུ་མེས་ཀྱི་སློབ་མ་ཀ་བ་བཞིའི་ཡ་གྱལ། འདི་ཉིད་ལྕགས་ཁྱི (༡༠༡༡) ལོར་ཡེར་པ་བ་རེང་བཟུང་། བཟང་ཀྱི་ལྡིང་པ། ཆུ་ཤུལ་ན་བོ། སྦུས་སྡེ་ལྷོ་གོང་། ཡོལ་ཐང་། ལབ་སོ། གྲལ་མ་ཐང་། ཁ་རག་སོག་གཅིག གཞུ་ཀུན་དགའ་ར་བ། ཚ་མིག་སོགས་བཞེངས། ལྷོ་ནུབ་ཀྱི་ལྷ་མདོ་ལ་སོགས་པའི་འབྲེ་ཚོ་ཡང་རྔོག་གི་སྐོར་ལགས། དེ་རྣམས་ལ་རྔོག་སྐོར་དུ་གྲགས། ཇོ་བོ་རྗེ་མངའ་རིས་ནས་དབུས་གཙང་དུ་ཕེབས་པའི་ཕྱི་ལོ་རྔོག་གིས་བྲག་ཡེར་པར་གདན་དྲངས་ནས་བསྙེན་བཀུར་གཟབ་རྒྱས་ཐོག་ཆོས་མང་པོ་གསན། འདི་ཉིད་ཇོ་བོའི་སློབ་མ་ཡང་ཡིན།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་སྤྱི་ལོའི་དུས་རབས་བཅུ་པའི་དུས་མཇུག་ཙམ་དུ་དབུས་སུ་སྐུ་འཁྲུངས། སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ་ཀླུ་མེས་ཤེས་རབ་ཚུལ་ཁྲིམས་ལས་རབ་བྱུང་དང་། དགེ་ཚུལ། དགེ་སློང་གི་སྡོམ་པ་དཀྱུས་གཅིག་ཏུ་བཞེས་ཤིང་འདུལ་བའི་ཆོས་གཞུང་སོགས་མང་དུ་གསན་པ་མཛད། དེ་རྗེས་ཡེར་བ་བཟུང་ནས་འདུལ་བའི་སྡེ་བཙུགས་ཤིང་དགེ་འདུན་མང་པོའི་ཚོགས་པ་བསྐྱངས། དེ་ནས་གཡུ་སྒྲོ་ཁང་དམར་དང་། བཟད་ཀྱི་ལྡིང་པ། ཆུ་ཤུལ་ན་བོ། སྤུས་སྡེ་ལྷོ་གོང་། ཡོལ་ཐང་། ལབ་སོ། གྲལ་མ་ཐང་། ཁ་རག་སོ་གཅིག་བཅས་བཟུང་ནས་འདུལ་བའི་བསྟན་པ་སྤེལ། གཞུ་[472]ཀུན་དགའ་ར་བ་དང་ཚ་མིག་སོགས་བརྩིགས་ཏེ་ཆོས་རྒྱུད་མང་དུ་མཆེད་པ་ལ་རྔོག་སྐོར་དུ་གྲགས་སོ། ཁོང་ནི་ཀླུ་མེས་ཤེས་རབ་ཚུལ་ཁྲིམས་ཀྱི་སློབ་མ་བ་ཀ་བཞིའི་ཡ་གྱལ་ཞིག་ཡིན་ནོ། །
- language:
- Tibetan