- sngags 'chang grags pa blo gros rgyal mtshan
- ID:
- T229310
- སྔགས་འཆང་གྲགས་པ་བློ་གྲོས་རྒྱལ་མཚན (Tibetan, Tibetan script, Original)
- > sngags 'chang grags pa blo gros rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
- > ngakchang drakpa lodrö gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
དཔལ་ས་སྐྱ་དགོན་གྱི་ཁྲི་པ་ཉེར་བཞི་པ་འདི་ཉིད་ཀྱི་མཚན་གཞན་འཇམ་དབྱངས་བསོད་ནམས་རྒྱལ་མཚན་ཞུ་ཞིང་རབ་བྱུང་བརྒྱད་པའི་ཆུ་ཕག(༡༤༠༣) ལོར་ཡབ་ངག་དབང་ཀུན་དགའ་རིན་ཆེན་བཀྲ་ཤིས་གྲགས་པ་རྒྱལ་མཚན་དང་ཡུམ་གདོང་དགའ་མ་ལྷ་ཅིག་དཀར་མོ་གཡང་འཛོམས་གཉིས་ཀྱི་སྲས་སུ་གདོང་དགའ་རྫོང་གི་ཡང་རྩེར་སྐུ་འཁྲུངས། དགུང་ལོ་བརྒྱད་པ་ལ་ཕེབས་པ་རབ་བྱུང་དགུ་པའི་ལྕགས་རྟ(༡༥༡༠)ལོར་ཡབ་རྗེ་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ཏུ་མངའ་གསོལ། གཞོན་ནུ་ནས་བཟོ་གནས་ལའང་ཤིན་ཏུ་མཁས་པས་ཕྱག་བྲིས་མཛད་པའི་ཞལ་ཐང་རྣམས་གཞན་ལས་ངོ་མཚར་བ་སྣང་། དགུང་ལོ་ཉེར་བདུན་པ་ནས་ང་ལྔའི་བར་ལ་གདན་སའི་ཁུར་མཐའ་དག་བཞེས་ནས་རྫོང་ཆུང་བླ་བྲང་། སྒྲོལ་མ་ལྷ་ཁང་། མགོན་ཁང་ནུབ། རྗེ་བཙུན་གྱི་སྐུ་འདྲ་མཛེ་ཐོད་མ་ཞུགས་པའི་ཟུར་ཁང་གཙུག་ལག་ཁང་། ཕུ་མའི་ལྷ་ཁང་། གཞི་ཐོག་བླ་བྲང་གི་རིག་འཛིན་ལྷ་ཁང་། དབུ་རྩེ་འཇམ་དབྱངས་གཟི་འོད་འབར་བའི་དབུ་ཐོག་གི་གསེར་ཐོག་ཆེན་མོ་སོགས་གསར་བཞེངས་མཛད། དགུང་ལོ་ང་ལྔ་པ་རབ་བྱུང་དགུ་པའི་མེ་སྦྲུལ་(༡༥༥༧)ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས།
- language:
- Tibetan
2. Thupten Phuntsok Dictionary
དཔལ་ས་སྐྱ་དགོན་གྱི་ཁྲི་པ་ཉེར་བཞི་པ་འདི་ཉིད་ཀྱི་མཚན་གཞན་འཇམ་དབྱངས་བསོད་ནམས་རྒྱལ་མཚན་ཞུ་ཞིང་རབ་བྱུང་བརྒྱད་པའི་ཆུ་ཕག (༡༥༠༣) ལོར་ཡབ་ངག་དབང་ཀུན་དགའ་རིན་ཆེན་བཀྲ་ཤིས་གྲགས་པ་རྒྱལ་མཚན་དང་ཡུམ་གདོང་དགའ་མ་ལྷ་ཅིག་དཀར་མོ་གཡང་འཛོམས་གཉིས་ཀྱི་སྲས་སུ་གདོང་དགའ་རྫོང་གི་ཡང་རྩེར་སྐུ་འཁྲུངས། དགུང་ལོ་བརྒྱད་པ་ལ་ཕེབས་པ་རབ་བྱུང་དགུ་པའི་ལྕགས་རྟ (༡༥༡༠) ལོར་ཡབ་རྗེ་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ཏུ་མངའ་གསོལ། གཞོན་ནུ་ནས་བཟོ་གནས་ལའང་ཤིན་ཏུ་མཁས་པས་ཕྱག་བྲིས་མཛད་པའི་ཞལ་ཐང་རྣམས་གཞན་ལས་ངོ་མཚར་བ་སྣང་། དགུང་ལོ་ཉེར་བདུན་པ་ནས་ང་ལྔའི་བར་ལ་གདན་སའི་ཁུར་མཐའ་དག་བཞེས་ནས་རྫོང་ཆུང་བླ་བྲང་། སྒྲོལ་མ་ལྷ་ཁང་། མགོན་ཁང་ནུབ། རྗེ་བཙུན་གྱི་སྐུ་འདྲ་མཛེ་ཐོད་མ་ཞུགས་པའི་ཟུར་ཁང་གཙུག་ལག་ཁང་། ཕུ་མའི་ལྷ་ཁང་། གཞི་ཐོག་བླ་བྲང་གི་རིག་འཛིན་ལྷ་ཁང་། དབུ་རྩེ་འཇམ་དབྱངས་གཟི་འོད་འབར་དབུ་ཐོག་གི་གསེར་ཐོག་ཆེན་མོ་སོགས་གསར་བཞེངས་མཛད། དགུང་ལོ་ང་ལྔ་པ་རབ་བྱུང་དགུ་པའི་མེ་སྦྲུལ (༡༥༥༧) ལོར་སྐུ་གཤེགས།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་དགུ་པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ 1563 ལོར་གདོང་དགའ་རྗོང་དུ་ཡབ་སྔགས་འཆང་ངག་དབང་ཀུན་དགའ་རིན་ཆེན་དང་། ཡུམ་བཀྲ་ཤིས་དཔལ་གྱི་བུ་ཁྲིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་པའི་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ 1617 ལོར་གཞི་ཐོག་བླ་བྲང་དུ་སྐུ་གཤེགས། ཁོང་གིས་ཐོག་མར་ཡབ་སྔགས་འཆང་ལས་གསུང་ངག་དང་། བདེ་དགྱེས་གསང་གསུམ། གུར་མགོན་ལྷ་བརྒྱད། དམག་ཟོར་རྒྱལ་མོ། དུར་ཁྲོད་བདག་པོ། རྗེ་བཙུན་གོང་མ་རྣམ་ལྔའི་གསུང་འབུམ་སོགས་ཀྱི་དབང་ལུང་ཁྲིད་གསུམ་མཐའ་ཡས་པ་གསན། མུས་ཆེན་དཀོན་མཆོག་རྒྱ་མཚོ་ལས་ལམ་འབྲས་སོགས་དང་། ཆོས་རྗེ་ནམ་མཁའ་དཔལ་བཟང་ལས་སྤྱོད་རྒྱུད་དཀྱིལ་འཁོར་[479]བཅུ་གཉིས་ཀྱི་དབང་སོགས། གཅེན་ངག་དབང་བསོད་ནམས་དབང་པོ་ལས་སྒྲུབ་ཐབས་བརྒྱ་རྩ་སོགས་མང་དུ་གསན་པར་མཛད། དགུང་ལོ་དགུ་པར་ས་སྐྱའི་གདན་ས་ཆེན་པོའི་ཁྲི་ལ་བཞུགས་ནས་ཆོས་སྲིད་གཉིས་ཀྱི་སྒོ་ནས་ལེགས་པར་བསྐྱངས། དེ་ནས་ཡོངས་སུ་གྲགས་པའི་དགེ་བའི་བཤེས་གཉེན་མང་པོར་བསྟེན་ཏེ་མདོ་ཕྱོགས་ཀྱི་གཞུང་ཆེན་པོ་པོ་ཏི་བདུན་ཅུ་དོན་བདུན་ཙམ་ལ་སྦྱངས་པར་མཛད་ཅིང་ཚོགས་ཆོས་གསུངས། དགུང་ལོ་ཉེར་བདུན་པ་ནས་བཟུང་གདན་ས་ཆེན་པོའི་འགན་ཁུར་བཞེས་ཏེ་རྫོང་ཆུང་བླ་བྲང་དང་། སྒྲོལ་མ་ལྷ་ཁང་། མགོན་ཁང་ནུབ། རྗེ་བཙུན་གྱི་སྐུ་འདྲ་མཛེ་ཐོད་མ་བཞུགས་པའི་ཟུར་ཁང་གཙུག་ལག་ཁང་། ཕུ་མའི་ལྷ་ཁང་། གཞི་ཐོག་བླ་བྲང་གི་རིག་འཛིན་ལྷ་ཁང་། དབུ་རྩེའི་འཇམ་དབྱངས་གཟི་འོད་འབར་བའི་དབུ་ཐོག་གི་གསེར་ཐོག་ཆེན་མོ་སོགས་གསར་བཞེངས་མཛད། སྐུ་གསུང་ཐུགས་རྟེན་ཡང་མང་དུ་བཞེངས་པ་མཛད། དགུང་ལོ་ལྔ་བཅུ་ང་ལྔ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་དུས་མཆོད་བླ་བྲང་གི་གདུང་རབས་དགུ་པ་དང་། ས་སྐྱའི་གདན་ས་ཆེན་པོའི་ཁྲི་རབས་ཉེར་བཞི་པ་ཡིན། ཁོང་གི་གསུང་རྩོམ་ནི་《བླ་མ་རྒྱང་འབོད》དང་། 《གསུང་ངག་གི་ཁྲིད་ཡིག》། 《རྡོ་རྗེ་ཕུར་པའི་སྒྲུབ་ཐབས》། 《འཁོར་ལོ་བདེ་མཆོག་ནག་པོའི་སྦྱིན་སྲེག》། 《བསེ་འབག་ནག་པོ་འཕུར་ཤེས་ཀྱི་ལོ་རྒྱུས》། 《ཆོས་དུང་དཀར་པོ་རྒྱང་གྲགས་ཀྱི་དཀར་ཆག》སོགས་བཞུགས་སོ། །[480]
- language:
- Tibetan