Skip to main content Skip to search
sngags 'chang bsod nams chos 'phel
ID:
T229312
  • སྔགས་འཆང་བསོད་ནམས་ཆོས་འཕེལ (Tibetan, Tibetan script, Original)
    • > sngags 'chang bsod nams chos 'phel (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ngakchang sönam chö pel (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

བོད་རབ་བྱུང་དགུ་པའི་མེ་མོ་ཕག་གི་ལོ་སྟེ་སྤྱི་ལོ་༡༥༢༧ལོར་གཙང་གི་འབྲུ་དགོན་པར་ཡབ་བོད་ཀྱི་རུས་ཆེན་མིའུ་གདོང་དྲུག་གི་དམུ་ལས་གྱེས་པའི་འབྲུ་ཞེས་བྱ་བའི་རུས་ལས་ཆད་པ་ཀུན་དགའ་རིན་ཆེན་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་དང་། ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཆོས་འཛོམ་རྒྱལ་མོ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་འཁྲུངས། སྐུ་ན་ཆུང་ངུའི་དུས་ནས་དམ་པའི་བག་ཆགས་རང་ཆས་སུ་སད་ཅིང་ཡི་གེ་འབྲི་ཀློག་སོགས་ཚེགས་མེད་དུ་མཁྱེན། དགུང་ལོ་བཅུ་གཉིས་པར་མཁན་ཆེན་བསོད་ནམས་དཔལ་འབྱོར་གྱི་དྲུང་ནས་དགེ་བསྙེན་གྱི་བརྟུལ་ཞུགས་མནོས་ཏེ་མཚན་བསོད་ནམས་ཆོས་འཕེལ་དུ་གསོལ། དགུང་ལོ་བཅོ་བརྒྱད་པར་པཎ་ཆེན་གྲགས་པ་ཐོགས་མེད་ཀྱི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་ཤིང་། དབུ་མ་རྩ་འགྲེལ། མངོན་པ། བཤད་མཛོད་ཆེན་པོ། ཕར་ཕྱིན་རྩ་འགྲེལ། སྡོམ་གསུམ་རབ་དབྱེ་སོགས་མདོ་ཕྱོགས་ཀྱི་གཞུང་ཆེན་རྣམས་ལ་ཐོས་བསམ་མཐིལ་ཕྱིན་པར་མཛད་དེ། མཁས་པའི་གྲགས་པ་དབུས་གཙང་གི་ནོར་འཛིན་ཡངས་པའི་ཁྱོན་ཀུན་ཏུ་ཁྱབ་པར་གྱུར། གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་དགེ་འདུན་ཉི་མ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་སོགས་དགེ་འདུན་བཅུ་ཕྲག་གཅིག་གི་དབུས་སུ་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་ཡང་དག་པར་བཞེས། དེ་ནས་གསང་སྔགས་རྡོ་རྗེ་ཐེག་པ་ལ་སྦྱོང་བར་བཞེད་དེ། རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་བསྟན་པའི་རྒྱལ་མཚན་དང་། ངོར་ཆེན་ཀུན་མཆོག་ལྷུན་གྲུབ། འཇམ་དབྱངས་བསོད་ནམས་དཔལ་འབྱོར་སོགས་ཡོངས་འཛིན་དམ་པ་བཅུ་ཕྲག་གསུམ་དང་ཟུང་གཉིས་མཉེས་པ་གསུམ་གྱིས་ལེགས་པར་བསྟེན་ནས་མདོ་རྒྱུད་བསྟན་བཅོས་སོགས་གསང་སྔགས་གསར་རྙིང་མཐའ་དག་ལ་ཕྱི་ནང་གི་སྒྲོ་འདོགས་ལེགས་པར་ཆོད་པར་མཛད། དགུང་ལོ་བཞི་བཅུ་ཞེ་བཞི་པ་ས་ཕོ་རྟ་ཡི་ལོར་བོ་དོང་བྱོན་ནས་གདན་ས་ལོ་བརྒྱད་ཀྱི་བར་དུ་བསྐྱངས། གཞན་ཡང་ཆོས་ལུང་། འདར་གྲང་མོ་ཆེ། འབྲས་ཡུལ་སྐྱེད་ཚལ་སོགས་སུ་བྱོན་ནས་འཁོར་འདུས་པ་རྒྱ་མཚོ་ལྟ་བུ་ལ་གསུང་ངག་རིན་པོ་ཆེ་སློབ་བཤད་ཀྱི་ཐུན་མོང་མ་ཡིན་པའི་དབང་། བྱིན་རླབས། ཁྲིད་ལུང་སོགས་ཆོས་ཀྱི་འཁོར་ལོ་བར་མེད་དུ་བསྐོར་ཅིང་། མཐར་དགུང་གྲངས་དོན་བདུན་པ་བོད་རབ་བྱུང་བཅུ་པའི་ཆུ་མོ་ཡོས་ཀྱི་ལོ་སྟེ་༡༦༠༣ལོར་སྐུ་གཤེགས།

language:
Tibetan