Skip to main content Skip to search
sngags gsar rnying
ID:
T229327
  • སྔགས་གསར་རྙིང (Tibetan, Tibetan script, Original)
    • > sngags gsar rnying (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ngak sar nying (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

དུས་རབས་བརྒྱད་པའི་དཀྱིལ་དུ་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་སྲིད་དབང་བཟུང་སྐབས་སློབ་དཔོན་པདྨ་འབྱུང་གནས་བོད་དུ་གདན་དྲངས་ཏེ་གསང་སྔགས་ཀྱི་ཆོས་མང་པོ་གསུངས་ནས་དར་སྤེལ་གཏོང་བ་གནང་བ་ནི་བོད་དུ་གསང་སྔགས་ཀྱི་ཆོས་བྱུང་བའི་ཐོག་མ་ཡིན། དེ་ནས་དུས་རབས་དགུ་པའི་དཀྱིལ་དུ་རྒྱལ་པོ་གླང་དར་མས་སངས་རྒྱས་ཆོས་ལུགས་བསྣུབས་ནས་དུས་རབས་བཅུ་པའི་མཇུག་ཏུ་སླེབས་སྐབས་མངའ་རིས་ལོ་ཙཱ་བ་རིན་ཆེན་བཟང་པོས་དེ་སྔོན་བོད་དུ་བསྒྱུར་མ་མྱོང་བའི་གསང་སྔགས་ཀྱི་ཆོས་གསར་པ་མང་པོ་བསྒྱུར་བ་གནང་ནས་བསྐྱར་དུ་གསང་སྔགས་ཀྱི་ཆོས་དར་སྤེལ་བྱུང་། དེ་ནས་བཟུང་སངས་རྒྱས་ཆོས་ལུགས་སྔ་དར་གྱི་དུས་སྐབས་སུ་བྱུང་བའི་གསང་སྔགས་ཀྱི་ཆོས་ལ་གསང་སྔགས་རྙིང་མ་དང་ལོ་ཙྰ་བ་རིན་ཆེན་བཟང་པོ་བྱོན་པ་ཚུན་ཆད་ཀྱི་གསང་སྔགས་ཀྱི་ཆོས་ལ་གསང་སྔགས་གསར་མ་ཞེས་པའི་ཐ་སྙད་བཏགས་པ་ཡིན།

language:
Tibetan

2. Thupten Phuntsok Dictionary

དུས་རབས་བརྒྱད་པའི་དུས་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་སྲིད་དབང་བཟུང་སྐབས་སློབ་དཔོན་པདྨ་འབྱུང་གནས་བོད་དུ་གདན་དྲངས་ཏེ་གསང་སྔགས་ཀྱི་ཆོས་མང་པོ་གསུངས་ནས་དར་སྤེལ་གཏོང་བ་གནང་བ་ནི་བོད་དུ་གསང་སྔགས་ཀྱི་ཆོས་བྱུང་བའི་ཐོག་མ་ཡིན། དེ་ནས་དུས་རབས་དགུ་པའི་དཀྱིལ་དུ་རྒྱལ་པོ་གླང་དར་མས་སངས་རྒྱས་ཆོས་ལུགས་སྣུབས་ནས་དུས་རབས་བཅུ་པའི་མཇུག་ཏུ་སླེབས་སྐབས་མངའ་རིས་ལོ་ཙཱ་བ་རིན་ཆེན་བཟང་པོས་དེ་སྔོན་བོད་དུ་བསྒྱུར་མ་མྱོང་བའི་གསང་སྔགས་ཀྱི་ཆོས་གསར་པ་མང་པོ་བསྒྱུར་བ་གནང་ནས་བསྐྱར་དུ་གསང་སྔགས་ཀྱི་ཆོས་དར་སྤེལ་བྱུང་། དེ་ནས་བཟུང་སངས་རྒྱས་ཆོས་ལུགས་སྔ་དར་གྱི་དུས་སྐབས་སུ་བྱུང་བའི་གསང་སྔགས་ཀྱི་ཆོས་ལ་གསང་སྔགས་རྙིང་མ་དང་ལོ་ཙཱ་བ་རིན་ཆེན་བཟང་པོ་བྱོན་པ་ཚུན་ཆད་ཀྱི་གསང་སྔགས་ཀྱི་ཆོས་ལ་གསང་སྔགས་གསར་མ་ཞེས་པའི་ཐ་སྙད་བཏགས་པ་ཡིན།

language:
Tibetan