Skip to main content Skip to search
sngar zong du spyod pa
ID:
T229337
  • སྔར་ཟོང་དུ་སྤྱོད་པ (Tibetan, Tibetan script, Original)
    • > sngar zong du spyod pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ngar zong du chöpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

འདི་ནི་དངོས་ཟོག་ཉོ་ཚོང་བྱེད་སྐབས་དངོས་ཟོག་དེའི་རིན་ཐང་གི་ཚབ་བྱེད་ཐུབ་པའི་དངོས་པོ་ལ་ཟེར་བ་སྟེ། དེང་སང་ཡོངས་གྲགས་སུ་དངུལ་ཞེས་འབོད་པ་དེ་ཡིན། དེ་འདྲའི་དངུལ་དེས་རིན་ཐང་གི་ཚབ་བྱེད་ཐུབ་པའི་ནུས་པ་མ་ཤོར་བར་དུ་ཟོག་གོང་བརྟན་པོར་གནས་པ་དང་། ཐང་གཞི་བརྟན་པོར་གནས་ཐུབ་ཅིང་། ཁྲོམ་རའི་ཟོག་གོང་བརྟན་པོར་གནས་ཐུབ་པ་དགོས་ན་ཁྲོམ་རྭར་བེད་སྤྱོད་བྱས་པའི་དངོས་ཟོག་གི་ཚབ་བྱེད་དངོས་ཟོང་དེའི་རིན་ཐང་གི་ཚད་ལས་བརྒལ་བའི་ཚོང་ཟོག་གང་མང་ཡོད་དགོས་ཤིང་། གལ་ཏེ་ཁྲོམ་རྭའི་ཚོང་ཟོག་ཉུང་ཞིང་དེའི་ཚབ་བྱེད་དངོས་པོ་ཡིན་པའི་དངོས་ཟོང་གི་གྲངས་མང་ན་ཁྲོམ་རྭའི་ཟོག་གོང་བརྟན་པོར་གནས་མི་ཐུབ་པར་ཇེ་འཕར་ཇེ་འཕར་དུ་སོང་ནས། ཁྲོམ་རྭའི་ཚོང་ཟོག་གི་ཚབ་བྱེད་དངོས་ཟོང་དེའི་རིན་ཐང་གི་ཚད་གཞི་དམའ་རུ་སོང་བ་དང་ཆབས་ཅིག་རིམ་བཞིན་དེའི་ནུས་པ་ཤོར་ཚེ་ཚབ་བྱེད་དངོས་ཟོང་བེད་སྤྱོད་བྱེད་མཁན་རྣམས་བུ་ལོན་གསོས་མི་ཐུབ་པའི་གནས་སུ་གྱར་རྒྱུུ་དང་། སྐབས་དེར་རྒྱལ་པོས་སྔར་བེད་སྤྱོད་བྱེད་མུས་ཡིན་པའི་ཚབ་བྱེད་དངོས་ཟོང་དེ་གོ་མི་ཆོད་པའི་ཁྱབ་བསྒྲགས་བྱས་ཏེ། ཚབ་བྱེད་དངོས་ཟོང་དེ་བེད་སྤྱོད་བྱེད་མཁན་གྱི་བུ་ལོན་རྣམས་ཡུལ་གྱི་རྒྱལ་པོའམ་སྲིད་གཞུང་གིས་སྦྱངས་ནས་ཚབ་བྱེད་དངོས་ཟོང་གསར་པ་བཏོན་ཐོག དེ་ལ་ཡུལ་གྱི་རྒྱལ་པོའམ་སྲིད་གཞུང་གིས་མིང་གསར་པ་བཏགས་ནས་ཁྲོམ་རར་བེད་སྤྱོད་བྱས་པ་འདི་ནི་དེ་སྔོན་རྒྱལ་གར་དུ་རྒྱལ་རབས་རིམ་བྱུང་གི་སྐབས་ཁྲོམ་རྭར་འདོན་པའི་དངོས་ཟོག་དང་། དེའི་ཚབ་བྱེད་དངོས་ཟོང་གཉིས་ཀྱི་རིན་ཐང་དོ་མི་སྙོམས་པའི་འགལ་བ་སེལ་ཐབས་ཤིག་ཡིན་པར་<<ལུགས་ཆེན་པོ་>>ཞེས་པའི་དཔེ་དེབ་ལས་གསལ་ཞེས་ས་སྐྱ་པཎ་ཆེན་གྱིས་གསུངས། <<ལུགས་ཆེན་པོ་>>ཞེས་པའི་དཔེ་དེབ་དེ་བོད་ཡིག་དང་རྒྱ་གར་ཡི་གེ་གང་ཡིན་རྗེས་སུ་ཞིབ་འཇུག་བྱེད་དགོས།

language:
Tibetan

2. Thupten Phuntsok Dictionary

འདི་ནི་དངོས་ཟོག་ཉོ་ཚོང་བྱེད་སྐབས་དངོས་ཟོག་དེའི་རིན་ཚབ་བྱད་ཐུབ་པའི་དངོས་པོ་ལ་ཉེར་བ་སྟེ།

language:
Tibetan