- sngo dreg dang rtswa 'dzugs sa
- ID:
- T229347
- སྔོ་དྲེག་དང་རྩྭ་འཛུགས་ས (Tibetan, Tibetan script, Original)
- > sngo dreg dang rtswa 'dzugs sa (Tibetan, Latin script, Transliteration-THL Extended Wylie Transliteration)
- > ngo drek dang tsa dzuk sa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སྔོ་དྲེག་དང་རྩྭ་འཛུགས་ས་ནི་རི་དང་བྲག་རྡོ། ཤིང་སྟེང་། ཡང་ན་ས་ཐོག་བཅས་གང་ལ་དེ་མཁོ་བཞིན་བཙུགས་ན་འགྲིག་ངེས་པར་དུ་སྔོ་ལྗང་ལྡན་པའི་སྔོ་དྲེག་གི་རྣམ་པ་མཚོན་པ་བྱེད་དགོས། སྔོ་དྲེག་དང་རྩྭ་འཛུགས་སྐབས་སུ་པིར་རྗེས་རྫོབ་རྫོབ་ཡོད་དགོས་ལ། ཁ་ཐོར་ཡང་ཡོད་དགོས། ཚོན་དང་སྣག་ཚ་གཉིས་སྐྱ་ཚོ་དགོས་ལ། སྐམ་རློན་གྱི་དབྱེ་བ་ཡང་དགོས། དེ་བཞིན་བཟོ་དབྱིབས་ཐད་སྒོར་མོ་དང་། སྒོར་མོ་གཞུང་ནར་ཅན་སོགས་ཡིན་ནའང་བཟོ་དབྱིབས་དེ་གསུམ་རྐྱང་པ་མ་ཡིན་པར་བཟོ་དབྱིབས་སྣ་ཚོགས་ཡོད་པ་སྟེ། གནའ་བོའི་སྔོ་དྲེག་འཛུགས་པའི་གཞུང་ལུགས་ནང་བཟོ་དབྱིབས་མི་འདྲ་བ་ཉི་ཤུ་རྩ་བརྒྱད་ལ་དབྱེ་ཡོད་པ་བཤད་ཡོད།
- language:
- Tibetan