- sngo mdos
- ID:
- T229348
- སྔོ་མདོས (Tibetan, Tibetan script, Original)
- > sngo mdos (Tibetan, Latin script, Transliteration-THL Extended Wylie Transliteration)
- > ngo dö (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
མདོས་ཞེས་གནའ་དུས་བོན་གྱི་ཆོས་ལུགས་ཀྱིས་ལྷ་འདྲེ་ལ་དམིགས་ནས་བསྐྱལ་པའི་དངོས་རྫས་སམ་ཆོ་གའི་མིང་ཡིན་པས་འདིར་མཚོ་སྨན་རྒྱལ་མོ་ལ་བསྔོ་བའི་མདོས་ཤིག་གི་མིང་སྟེ། མི་ཕམ་རྣམ་རྒྱལ་རྒྱ་མཚོས་མཛད་པའི་རྒྱུད་བཞིའི་དཀའ་མཆན་འདོད་འབྱུང་ནོར་བུའི་མེ་ལོང་ལས། སྔོ་མདོས་ནི་མཚོ་སྨན་རྒྱལ་མོ་ལ་མཆོད་པའི་སྒོ་ནས་ནོར་རྫས་སུ་བསྔོ་བ། སྒྲུབ་རྫས་མདོས་བཅས་མཚོ་ལ་དབུལ་བ། ཞེས་གསུངས།
- language:
- Tibetan