- sngo yi bu mo spun bdun
- ID:
- T229357
- སྔོ་ཡི་བུ་མོ་སྤུན་བདུན (Tibetan, Tibetan script, Original)
- > sngo yi bu mo spun bdun (Tibetan, Latin script, Transliteration-THL Extended Wylie Transliteration)
- > ngo yi bumo pün dün (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སྔོན་གྱི་གཏམ་རྒྱུད་དང་སྦྱར་ནས་བཏགས་པའི་གཡའ་ཀྱི་དང་། སྟོང་ཟིལ། གང་ག་ཆུང་། ཧོང་ལེན། ཏིག་ཏ། བོང་དཀར། སྤང་རྩི་བཅས་བདུན་གྱི་བསྡུས་མིང་སྟེ། རྗེ་ཟུར་མཁར་བ་མཉམ་ཉིད་རྡོ་རྗེས་མཛད་པའི་ངག་བྱེ་བ་རིང་བསྲེལ་ལས། སྔོན་འདས་པའི་དུས་སུ་འཕགས་པ་འཇིག་རྟེན་དབང་ཕྱུག་དེས་སེམས་ཅན་ཀུན་ལ་ཚད་མེད་པའི་སྙིང་རྗེ་འཁྲུངས་པའི་དུས་ཀྱི་སྤྱན་ཆབ་ས་ལ་ལྷུང་བ་ལ། འགྲོ་དོན་འགྲུབ་པའི་སྨོན་ལམ་བཏབ་པའི་མཐུ་ལ་བརྟེན། འགྲོ་བའི་གསོས་སུ་གྱུར་པའི་བདུད་རྩི་བསམ་གྱིས་མི་ཁྱབ་པ་མངའ་ཡང་། གཙོ་བོར་གྱུར་པའི་ནུས་མཐུ་དང་ལྡན་པས། འཆི་བ་དོངས་སུ་བསླངས་པ། རྒྱུ་ཞེ་སྡང་གིས་བསྐྱེད་པའི་ཚ་བའི་ནད་མ་ལུས་པ་འཇོམས་པ་ལ་འགྲན་ཟླ་མེད་པ་ནི་ཡབ་ཟླ་ཤེལ་ཚ་ཟེར་ནོར་བུ་དང་། ཡུམ་བདུད་རྩི་བསིལ་བའི་ཆུ་རྒྱུན་གཉིས་ལས། གནས་གངས་དཀར་ལྷའི་འགུལ་འདབས། གཡའ་སྤང་སྨན་ལྗོངས་མཛེས་པའི་ཕོ་བྲང་དུ། སྟོན་ར་སྤྲེའུ་ཟླ་བ་ལ་སྲས་མོ་བདུན་འཁྲུངས་པ་ནི། ཟླ་ཟིལ། སྟོང་ཟིལ། གང་ག་ཆུང་། ཧོང་ལེན། ཏིག་ཏ། བོང་དཀར། སྤང་རྩི་དོ་བོ་སྟེ་སྔོ་ཡི་ལྷ་མོ་བདུན་ནོ། །ཞེས་དང་། དེའི་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་དྲི་མེད་ཤེལ་ཕྲེང་གི་བསྡུས་དོན་གསལ་བཀྲོལ་ལས། གཡའ་ཀྱི་སྟོང་ཟིལ་གང་ག་ཆུང་། ཧོང་ལེན་ཏིག་ཏ་བོང་ང་དཀར། སྤང་རྩི་དང་ནི་བདུན་པོ་ལ། སྔོ་ཡི་བུ་མོ་སྤུན་བདུན་ཟེར།
- language:
- Tibetan