- ci'u zhes pa'i rgyal rabs
- ID:
- T229448
- ཅིའུ་ཞེས་པའི་རྒྱལ་རབས (Tibetan, Tibetan script, Original)
- > ci'u zhes pa'i rgyal rabs (Tibetan, Latin script, Transliteration-THL Extended Wylie Transliteration)
- > chi'u shyepé gyalrab (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(周朝)དེ་སྔོན་བོད་ཡིག་གི་ལོ་རྒྱུས་དཔེ་དེབ་མང་པོའི་ནང་རྒྱ་སྐད་ཀྱི་ཀྲའོ་ཞེས་པའི་སྒྲ་དེ་བོད་ཡིག་ཐོག་བྲིས་སྐབས། ཅེའུ་དང་། ཇེའུ་ཞེས་འཁོད་པ་ནི་ཡོན་རྒྱལ་རབས་སྐབས་ཀྱི་རྒྱ་སྐད་ཀྱི་སྒྲ་གཞིར་བཟུང་ནས་བྲིས་པ་སྟེ། དོན་དུ་ཀྲོའུ་ཞེས་པའི་རྒྱལ་རབས་ལ་གོ་དགོས། དཔེར་ན་དེ་སྔོན་བོད་ཡིག་གི་ལོ་རྒྱུད་ཐོག་རྒྱ་སྐད་ཀྱི་ཧྲ་ཀྲོའུ་ཞེས་པར་ཤ་ཅུ་དང་། ཀྭ་ཀྲོའུ་ཞེས་པར་ཀྭ་ཅུའམ་ཀྭ་ཇུ། མུ་ཀྲོའུ་ཞེས་པ་མུ་ཅིའུ། སུ་ཀྲོའུ་ཞེས་པར་སུག་ཇིའུ་སོགས་སུ་བྲིས་པ་ལྟ་བུ་ཡིན། དེ་སྔོན་བོད་ཡིག་གི་ལོ་རྒྱུས་ཐོག་རྒྱག་ནག་གི་རྒྱལ་རབས་འདྲེན་སྐབས། ཧུང་གསུམ་དང་ངྷི་ལྔ། ཝང་གསུམ་ཞེས་གསལ་བའི་ནང་གི་ཝང་གསུམ་ལ་ཀྲོའུ་རྒྱལ་རབས་ཞེས་འབོད་ཅིང་། དེ་ལའང་སྔ་རྗེས་སུ་ཀྲོའུ་ནུབ་མ་དང་། ཀྲོའུ་ཤར་མ་ཟེར་བ་གཉིས་བྱུང་བའི་སྐོར་གྱི་ལོ་རྒྱུས་ཅུང་ཟད་འོག་གི་ཅེའུ་ལ་རྒྱལ་པོ་སུམ་ཅུ་སོ་དྲུག་ཞེས་པར་གསལ་བས་དེར་གཟིགས།
- language:
- Tibetan
2. Thupten Phuntsok Dictionary
དེ་སྔོན་བོད་ཡིག་གི་ལོ་རྒྱུས་དཔེ་དེབ་མང་པོའི་ནང་རྒྱ་སྐད་ཀྱི་ཀྲའོ་ཞེས་པའི་སྒྲ་དེ་བོད་ཡིག་ཐོག་བྲིས་སྐབས། ཅེའུ་དང་། ཇེའུ་ཞེས་འཁོད་པ་ནི་ཡོན་རྒྱལ་རབས་སྐབས་ཀྱི་རྒྱ་སྐད་ཀྱི་སྒྲ་གཞིར་བཟུང་ནས་བྲིས་པ་སྟེ། དོན་དུ་ཀྲོའུ་ཞེས་པའི་རྒྱལ་རབས་ལ་གོ་དགོས།
- language:
- Tibetan