Skip to main content Skip to search
cu gang gi gzugs brnyan
ID:
T229449
  • ཅུ་གང་གི་གཟུགས་བརྙན (Tibetan, Tibetan script, Original)
    • > cu gang gi gzugs brnyan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > chugang gi zuknyen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རྒྱུ་ཅུ་གང་ལས་གྲུབ་པའི་མི་སྣ་དང་། མི་སྣའི་ལུས་ཀྱི་ཆ་ཤས་ཁག་བཟོས་པའི་སྒྱུ་རྩལ་གྱི་སྣང་བརྙན་ལ་ཟེར། དེ་ནི་དཀར་པོ་དང་ཚོན་མདོག་ཡོད་པའི་རིགས་གཉིས་དབྱེ་ཡོད། ཅུ་གང་གི་གཟུགས་བརྙན་དཀར་པོ་ནི་རྟག་ཏུ་མཛེས་རྩལ་སློབ་མ་ཚོས་ནག་རིས་སྦྱོང་རྒྱུར་མ་དཔེ་བྱེད་ཀྱི་ཡོད། ཅུ་གང་གི་གཟུགས་བརྙན་དེ་རིགས་ལ་གཟུགས་པོ་ཆ་ཚང་ཡོད་པ་དང་། ཡང་ན་མགོ་བོ་རྐྱང་པ་ཡིན་པ། ད་དུང་ཡན་ལག་བཞིའམ་དབང་པོ་ལྔ་སོགས་ཀྱི་གཟུགས་བརྙན་ཡོད་པ་ཡིན། ཚོན་མདོག་ཡོད་པའི་ཅུ་གང་གི་གཟུགས་བརྙན་ནི་གཙོ་བོ་མི་རྣམས་ཀྱིས་མྱོང་རོལ་བྱེད་རྒྱུར་སྤྱོད་པ་དང་། དེ་བཞིན་ཁང་པའི་རྒྱན་སྤྲོས་སོགས་ལ་བེད་སྤྱོད་བྱེད་ཀྱི་ཡོད།

language:
Tibetan