- cu dben
- ID:
- T229451
- ཅུ་དབེན (Tibetan, Tibetan script, Original)
- > cu dben (Tibetan, Latin script, Transliteration-THL Extended Wylie Transliteration)
- > chu wen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ཀྲུའུ་དབེན། ཧོང་ཁྲའོས་ཞིང་པའི་གསར་བརྗེའི་སྲིད་དབང་བཙུགས་ནས་རྒྱལ་པོ་བྱས་སྐབས་ཐོག་མར་བློན་པོ་བྱས་ཤིང་རྗེས་སུ་ཐང་ལ་མགོ་བཏགས། ཐང་རྒྱལ་རབས་ཀྱི་གོང་མ་ཐང་ཨེད་རྡིས་ལི་ཁྲུའུ་ཁྲི་ལོ་བཞི་པ་མེ་ཡོས(༩༠༧)ལོར་གོང་མ་ཐང་ཨེད་རྡིས་གོ་གནས་ལས་ཕབ་སྟེ་རང་ཉིད་གོང་མ་བྱས་པ་ཞིག་ཡིན་ཞིང་། རྒྱལ་རབས་ཀྱི་མིང་ལ་ལེའང(ལྱང)རྒྱལ་རབས་རྗེས་མ་ཟེར་བ་དང་རྒྱལ་ས་ནི་ཧོ་ནན་ཞིང་ཆེན་གྱི་ཁའི་ཧྥེང་ཡིན། རྒྱལ་རབས་འདིར་སྔ་རྗེས་སུ་གོང་མ་མི་རབས་གསུམ་བྱུང་བས༩༠༧ནས་༩༢༣ལོའི་བར་ལོ་ངོ་བཅུ་བདུན་ལ་སྲིད་དབང་བཟུང་བ་ཡིན།
- language:
- Tibetan
2. Thupten Phuntsok Dictionary
ཀྲུའུ་དབེན། ཧོང་ཁྲའོས་ཞིང་པའི་གསར་བརྗེའི་སྲིད་དབང་བཙུགས་ནས་རྒྱལ་པོ་བྱས་སྐབས་ཐོག་མར་ལོན་པོ་བྱས་ཤིང་རྗེས་སུ་ཐང་ལ་མགོ་བཏགས། ཐང་རྒྱལ་རབས་ཀྱི་གོང་མ་ཐང་ཨེད་ལི་ཁྲུའུ་ལོ་བཞི་པ་མེ་ཡོས (༩༠༧) ལོར་གོང་མ་ཐང་ཨེད་རྡིས་གོ་གནས་ལས་ཕབ་སྟེ་རང་ཉིད་གོང་མ་བྱས་པ་ཞིག་ཡིན་ཞིང་། རྒྱལ་རབས་ཀྱི་མིང་ལ་ལེའང་ (ལྱང) རྒྱལ་རབས་རྗེས་མ་ཟེར་བ་དང་རྒྱལ་ས་ནི་ཧོ་ནན་ཞིང་ཆེན་གྱི་ཁའི་ཧྥང་ཡིན།
- language:
- Tibetan