- co ne blo bzang rgya mtsho'i sprin
- ID:
- T229470
- ཅོ་ནེ་བློ་བཟང་རྒྱ་མཚོའི་སྤྲིན (Tibetan, Tibetan script, Original)
- > co ne blo bzang rgya mtsho'i sprin (Tibetan, Latin script, Transliteration-THL Extended Wylie Transliteration)
- > cho né lo zang gyatsö trin (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
མཚན་གཞན་ཅོ་ནེ་བླ་མ་རིན་པོ་ཆེ་ནི་མདོ་སྨད་ཆོས་དཔལ་ཞིང་དུ་གོང་ཚོའི་རིགས་སུ་རབ་བྱུང་བཅོ་ལྔ་པའི་ལྕགས་རྟ(༡༨༧༠)ལོར་སྐུ་འཁྲུངས། དགུང་ལོ་བརྒྱད་ལ་ཕེབས་སྐབས་རྗེ་ངག་དབང་མཚན་ཅན་གྱི་དྲུང་ནས་གཞུང་ཆེན་བཀའ་པོད་ལྔར་གསན་སྦྱོང་མཛད། དགེ་བའི་བཤེས་གཉེན་ངག་གི་དབང་ཕྱུག་དང་འཇམ་བཞད་སྐལ་བཟང་ཐུབ་བསྟན་དབང་ཕྱུག་སོགས་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན། དགུང་ལོ་སོ་བཞི་པར་བཀྲ་ཤིས་འཁྱིལ་དུ་བཞུགས། ས་བྱ(༡༩༠༩)ལོ་ཙམ་ལ་པཎ་ཆེན་ཆོས་ཀྱི་ཐུབ་བསྟན་ཉི་མས་གཙང་བཀྲ་ཤིས་ལྷུན་པོར་གདན་ཞུ་གནང་སྟེ་བཀྲས་ལྷུན་དུ་ལོ་ཤས་རིང་ཆོས་འཁོར་བསྐོར། དེ་ནས་མེ་སྟག(༡༩༢༦)ལོར་དབུས་སུ་ཕེབས་རྗེས་སྐྱབས་རྗེ་ཕ་བོང་ཁ་བྱམས་པ་བསྟན་འཛིན་མཆོག་ནས་རྗེ་ཉིད་བཀྲ་ཤིས་ཆོས་གླིང་དུ་གདན་དྲངས་ཏེ་མདོ་སྔགས་ཀྱི་ཆོས་མང་དུ་བསྩལ། ལོ་ཤས་བཞུགས་རྗེས་རབ་བྱུང་བཅུ་དྲུག་པ་ལྕགས་རྟ(༡༩༣༠)ལོར་རྒྱལ་དབང་ཐུབ་བསྟན་རྒྱ་མཚོས་བཀའ་ཡིག་བཙལ་ཏེ་ནོར་གླིང་དུ་བཀའ་འགྱུར་དཀར་ཆག་རྩོམ་འབྲི་གནང་བར་ཕེབས། དེ་ནས་ལོ་གཉིས་ཙམ་ནོར་གླིང་དུ་བཀའ་འགྱུར་དཀར་ཆག་རྩོམ་འབྲི་གནང་མུར་གཤེགས་པར་སྣང་། ཕྱག་རྩོམ་ལ་མཚོན་ན། <<གསུང་གི་དབང་ཕྱུག་མ་ལ་བསྟོད་ཅིང་འདོད་དོན་གསོལ་བ>><<རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་བསྡུས་དོན་གཏེར་གྱི་ཁ་བྱང>><<ལེགས་པར་བཤད་པའི་སྙིང་པོ་ལས་བརྩམས་ཏེ་སྤེལ་མ་བསྟོད་པ་དགོངས་དོན་ཟད་མེད་ནམ་མཁའ་མཛོད་ཀྱི་སྒོ་འཕར>>སོགས་པོ་ཏི་ཆུང་བ་གཅིག་ཙམ་བཞུགས།
- language:
- Tibetan
2. Thupten Phuntsok Dictionary
མཚན་གཞན་ཅོ་ནེ་བླ་མ་རིན་པོ་ཆེ་ནི་མདོ་སྨད་ཆོས་དཔལ་ཞིང་དུ་གོང་ཚོའི་རིགས་སུ་རབ་བྱུང་བཅོ་ལྔ་པའི་ལྕགས་རྟ (༡༨༧༠) ལོར་སྐུ་འཁྲུངས། དགུང་ལོ་བརྒྱད་ལ་ཕེབས་སྐབས་རྗེ་ངག་དབང་མཚན་ཅན་གྱི་དྲུང་ནས་གཞུང་ཆེན་བཀའ་པོད་ལྔར་གསན་སྦྱོང་མཛད། དགེ་བའི་བཤེས་གཉེན་ངག་གི་དབང་ཕྱུག་དང་འཇམ་བཞད་སྐལ་བཟང་ཐུབ་བསྟན་དབང་ཕྱུག་སོགས་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན། རྒྱལ་དབང་ཐུབ་བསྟན་རྒྱ་མཚོས་བཀའ་ཡིག་བཙལ་ཏེ་ནོར་གླིང་དུ་བཀའ་འགྱུར་དཀར་ཆག་རྩོམ་འབྲི་གནང་བར་ཕེབས། དེ་ནས་ལོ་གཉིས་ཙམ་ནོར་གླིང་དུ་བཀའ་འགྱུར་དཀར་ཆག་རྩོམ་འབྲི་གནང་མུར་གཤེགས་པར་སྣང་། གསུང་རྩོམ་ལེགས་པར་བཤད་པའི་སྙིང་པོ་ལས་བརྩམས་ཏེ་སྤེལ་མ་བསྟོད་པ་དགོངས་དོན་ཟད་མེད་ནམ་མཁའ་མཛོད་ཀྱི་སྒོ་འཕར་སོགས་པོ་ཏི་ཆུང་བ་གཅིག་ཙམ་བཞུགས།
- language:
- Tibetan