- cong zhi rgod btul
- ID:
- T229483
- ཅོང་ཞི་རྒོད་བཏུལ (Tibetan, Tibetan script, Original)
- > cong zhi rgod btul (Tibetan, Latin script, Transliteration-THL Extended Wylie Transliteration)
- > chong shyi gö tul (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རང་བཞིན་མ་བཅོས་པའི་ཅོང་ཞི་རྒོད་པོ་སོལ་བའི་མེར་ཚོས་པར་བསྲེགས་ཤིང་བཏུལ་བའི་ཐལ་བའི་མིང་སྟེ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་ལག་ལེན་གཅེས་བསྡུས་ཀུན་གསལ་སྣང་མཛོད་ལས། ཅོང་ཞི་རྒོད་བཏུལ་བྱེད་པའི་ལག་ལེན་ནི། ཕོ་ཅོང་བཟང་པོ་མཐེབ་ཙམ་མང་དུ་བསགས། སོལ་མེར་འཚོས་པར་བསྲེགས་ལ་ཆུ་གྲང་དུ། བསྐྱུར་བས་ཞོ་ལྟར་འཇུ་བ་གྲང་ཕབ་ཅེས། བསིལ་བའི་སྦྱོར་བ་དག་ལ་གཏོང་བ་ཡིན། ཆང་ནང་ཕབ་པ་ཚ་ཕབ་སྲོད་སྦྱོར་གཏོང་། དར་བས་ངད་བསད་སྙོམས་ཕབ་སྙོམས་ལ་སྦྱོར། མ་ཕབ་གྲང་དུ་བཅུག་ཕྱེ་ཤིན་ཏུ་ཚ། འབིགས་བྱེད་རུལ་གཅོད་གྲང་སྐྲན་བཤིག་ལ་གཏོང་། གང་ཡང་མ་འཚོས་སིགས་མ་ཏིལ་འབྲུ་ཙམ། སོང་ན་ཐལ་བ་འདི་ཡི་དུག་ཏུ་བཤད། དེ་ཕྱིར་རླན་ཕབ་དར་གྱི་ཚགས་ལ་འདྲེན། མ་ཕབ་ཤིང་བུས་སྐམ་མཉེད་དར་ཚགས་འདྲེན། ཀུན་གྱི་སིགས་མ་ས་མཁྲེགས་མ་འཚོས་དོར། མ་ཕབ་ཕྱེ་དེ་སླར་ཡང་ཀོང་བུར་བསྲེགས། ཆིག་རྒྱུག་སྦྱོར་སྡེ་གང་ཡང་བཤད་པ་མང་། ཞེས་དང་། ཕྱི་མ་འཕྲིན་ལས་རྒྱུད་ལས། ཅོང་ཞི་རྒོད་བཏུལ་སོལ་མེར་ཚོས་པར་བསྲེག དཀར་པོར་སོང་ནས་ཆང་ངམ་དར་བའི་ནང་། སོར་ཐོན་ཙམ་གྱིས་ངད་བསད་ཕྱེ་མར་འགྲོ། གག་པ་ཤ་རོ་ལྷེན་སྐྲན་ལྕགས་དྲེག་གཅོད། ཅེས་གསུངས་པ་ལྟར་རོ།
- language:
- Tibetan