Skip to main content Skip to search
cod pan gser zhu mdzes pa'i bstan pa
ID:
T229486
  • ཅོད་པན་གསེར་ཞུ་མཛེས་པའི་བསྟན་པ (Tibetan, Tibetan script, Original)
    • > cod pan gser zhu mdzes pa'i bstan pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > chöpen ser shyu dzepé tenpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ལོ་རྒྱུས་སྨྲ་བ་འགའ་ཞིག་གིས་དགེ་ལུགས་པས་རང་ཉིད་ཀྱི་ཆོས་ལུགས་ལ་ཞྭ་སེར་གྱི་བསྟན་པ་ཞེས་བཏགས་པའི་རྒྱུ་མཚན་ལ་འདྲ་མིན་སྣ་ཚོགས་སྨྲ་བ་བྱུང་མོད་ཀྱང་དེ་འདྲ་མིན་པར། སྔོན་བོད་དུ་སངས་རྒྱས་ཆོས་ལུགས་ཕྱི་དར་འགོ་ཚུགས་སྐབས་དབུས་གཙང་གི་མཁས་པ་མི་བཅུ་མདོ་སྨད་དུ་ཕེབས་ནས་བླ་ཆེན་གྱི་སློབ་མ་གྲུམ་ཡེ་ཤེས་རྒྱལ་མཚན་མཇལ་ཏེ་བསྙེན་རྫོགས་ཞུས། བོད་དུ་ཕྱིར་ལོག་ཕེབས་ཁར་དེ་སྔོན་བླ་ཆེན་གྱིས་གནང་བའི་བོན་པོའི་འོབས་ཞྭ་སྔོན་པོ་ལ་ས་སེར་བྱུགས་ནས་མདོག་སེར་པོར་བསྒྱུར་ཏེ་ཁྱེད་ཚོས་ཞྭ་འདི་གྱོན་ནས་འདུལ་བའི་བསྟན་པ་སྤེལ་བར་གྱིས་ཤིག་ཅེས་གསུངས་པ་ལྟར། དབུས་གཙང་གི་མཁས་པ་མི་བཅུ་སོགས་འདུལ་འཛིན་རྣམས་ཀྱིས་དབུ་ཞྭ་སེར་པོ་མཛད་པ་དང་མཐུན་པར། རྗེ་ཙོང་ཁ་པས་ཀྱང་འདུལ་བའི་བསྟན་པ་གོང་འཕེལ་ཡོང་བའི་རྟེན་འབྲེལ་དུ་དབུ་ཞྭ་སེར་པོ་བཞེས་པ་ཡིན་ཞེས་རྗེ་ཙོང་ཁ་པའི་རྣམ་ཐར་འགའ་ཞིག་ནང་གསལ་བ་དོན་ལ་གནས་སྙམ།

language:
Tibetan