Skip to main content Skip to search
gcig grogs su gcig 'gyur ba'i tshul
ID:
T229496
  • གཅིག་གྲོགས་སུ་གཅིག་འགྱུར་བའི་ཚུལ (Tibetan, Tibetan script, Original)
    • > gcig grogs su gcig 'gyur ba'i tshul (Tibetan, Latin script, Transliteration-THL Extended Wylie Transliteration)
    • > chik drok su chik gyurwé tsul (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

གཅིག། མདོ་སྔགས་གཉིས་གཅིག་གི་གྲོགས་སུ་གཅིག་འགྱུར་ཚུལ་དང་། གཉིས། སྡེ་སྣོད་གསུམ་གཅིག་གི་གྲོགས་སུ་གཅིག་འགྱུར་ཚུལ་གཉིས། ༡.མདོ་སྔགས་གཉིས་གཅིག་གྲོགས་སུ་གཅིག་འགྱུར་ཚུལ་ནི། སྔགས་ཉམས་སུ་ལེན་པའི་ཚེ་མདོ་ནས་བཤད་པའི་ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་སོགས་ཉམས་སུ་བླངས་དགོས་པ་དང་། མདོ་ཕྱོགས་ནས་བཤད་པའི་བསླབ་པ་གསུམ་ཉམས་སུ་ལེན་པའི་ཚེ་སྔགས་ཀྱི་རིམ་གཉིས་དང་འབྲེལ་ནས་ཉམས་སུ་ལེན་ནུས་ན། སངས་རྒྱས་པ་ཧ་ཅང་མྱུར་བ་ལྟ་བུ་ཡིན། ༢.སྡེ་སྣོད་གསུམ་གཅིག་གྲོགས་སུ་གཅིག་འགྱུར་ཚུལ་ནི། དེ་གསུམ་ནས་བསྟན་པའི་བསླབ་པ་གསུམ་ལས་གཅིག་ལེགས་པར་གོ་བ་བྱུང་ན་གཞན་གཉིས་ཀྱི་གོ་རྟོགས་ཀྱང་གོང་འཕེལ་དུ་འགྲོ་བའམ། སྔར་མ་སྐྱེས་ཀྱང་ཕྱིས་གསར་དུ་འབྱུང་བ་ལྟ་བུ་ཡིན།

language:
Tibetan

2. Thupten Phuntsok Dictionary

གཅིག །མདོ་སྔགས་གཉིས་གཅིག་གི་གྲོགས་སུ་གཅིག་འགྱུར་ཚུལ་དང་། གཉིས། སྡེ་སྣོད་གསུམ་གཅིག་གི་གྲོགས་སུ་གཅིག་འགྱུར་ཚུལ་གཉིས། ༡ མདོ་སྔགས་གཉིས་གཅིག་གྲོགས་སུ་གཅིག་འགྱུར་ཚུལ་ནི། སྔགས་ཉམས་སུ་ལེན་པའི་ཚེ་མདོ་ནས་བཤད་པའི་ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་སོགས་ཉམས་སུ་བླངས་དགོས་པ་དང་། མདོ་ཕྱོགས་ནས་བཤད་པའི་བསླབ་པ་གསུམ་ཉམས་སུ་ལེན་པའི་ཚེ་སྔགས་ཀྱི་རིམ་གཉིས་དང་འབྲེལ་ནས་ཉམས་སུ་ལེན་ནུས་ན། སངས་རྒྱས་པ་ལ་ཧ་ཅང་མྱུར་བ་ལྟ་བུ་ཡིན། ༢ སྡེ་སྣོད་གསུམ་གཅིག་གྲོགས་སུ་གཅིག་འགྱུར་ཚུལ་ནི། དེ་གསུམ་ནས་བསྟན་པའི་བསླབ་པ་གསུམ་ལས་གཅིག་ལེགས་པར་གོ་བ་བྱུང་ན་གཞན་གཉིས་ཀྱི་གོ་རྟོགས་ཀྱང་གོང་འཕེལ་དུ་འགྲོ་བའམ། སྔར་མ་སྐྱེས་ཀྱང་ཕྱིས་གསར་དུ་འབྱུང་བ་ལྟ་བུ་ཡིན།

language:
Tibetan