- gcin 'gags brgyad po
- ID:
- T229511
- གཅིན་འགགས་བརྒྱད་པོ (Tibetan, Tibetan script, Original)
- > gcin 'gags brgyad po (Tibetan, Latin script, Transliteration-THL Extended Wylie Transliteration)
- > chin gak gyepo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
༡ (ཁ་འཆུས) གཅིན་བསྡམས་པས་ལྒང་པ་རྒྱས་ཏེ་ཁ་འཆུས་སྟེ་ཆུ་འགགས་པས་ཟུག་ཆེ་བར་འོང་ཞིང་། རྒྱུ་ཞབས་སྦོས་པ་ལྟར་སྐྲང་ཞིང་། ལྒང་པ་གཅུས་སྙམ་བྱེད་ཅིང་བཙིར་ན་གཅིན་འབྱུང་བ། ༢ (རླུང་འཁྱིལ) ཐུར་སེལ་གྱི་རླུང་གྱེན་དུ་འཁྱིལ་བས་ཆུ་སོར་ན་ཟུག་ལྡང་ཞིང་། གཅིན་ཉུང་ཤས་རེ་བཤང་བ་གཏོང་བའི་སྐབས་སུ་འབྱུང་། ༣ (ཁྲག་འགགས) མཁལ་མ་དང་བསམ་སེའུའི་རྩ་འགྲམས་པ་དང་ཁྲག་འཁྲུགས་པས། ཆུ་མདོག་དམར་ཞིང་ཁྲག་རོ་དང་བཅས་པ་འབྱུང་། རྒྱུ་ཞབས་ན། ༤ (སྤུ་འགགས) ཁ་ཟས་ལ་སྤུ་འདྲེས་པ་དེ་སྒང་པའི་རྩར་འགྲིམས་པས་ཟུག་ཆུང་། ཆུ་ཁ་སྙི། ཆུ་འཛིམ་པ་སྟེ་ཉབ་པ། ཆུའི་ནང་དུ་སྤུ་ཉག་དང་བཅས་པ་འབྱུང་། ༥ (སྐྲངས་འགགས) ལྒང་པའི་ཁ་དང་བཤང་ལམ་རྣམས་སྐྲངས་ནས་སྲ་ཞིང་ན་བ། བཤང་བ་དང་། གཅིན། འཕྱེན་བཅས་སྡོམ་མོ། ། ༦ (ཁུ་འགགས) ཁུ་བ་དང་གཅིན་འདྲེས་པས་ཐལ་ཁུ་འདྲ་བ་འབྱུང་། ༧ (བཤང་འགགས) ཐོག་མར་བཤང་པ་འགགས་པས་རྟུག་པས་གཅིན་ལམ་བསྡམས། དེ་ནས་བཤང་གཅིན་འདྲེས་ནས་གཅིན་ལ་བཤང་དྲི་མནམས་པར་ཅན་འབྱུང་ངོ་། ༨ (རྡེལ་འགགས) (1) རྡེལ་འགགས། བད་འཁྲིས་རླུང་གིས་ཁུ་ཁྲག་བསྒངས་ནས་རྡེའུ་ཆགས་པར། ཕོ་མཚན་དང་གཞང་ཁའི་བར་རྣམས་སུ་མངོན་པ་ལྟར་གཅིན་འགགས་པ་དང་། ཅུང་ཟད་བྱུང་ལ་སྤྲེལ་དྲི་མནམས་པ། ལྒང་པ་སྦོ་བར་བྱེད་པ། ནད་རྒྱས་པའི་སྐབས་སུ་གཅིན་བྱུང་ན་ཧ་ཅང་ཟུག་ཆེ་བས་སོ་འཆའ་བ་དང་ལུས་འདར། འཁུན་སྒྲ་འབྱིན། ལག་པས་ཁུ་ཚུར་བཅང་ཞིང་། སྐབས་འགར་མཚན་མ་མཉེ་བ། (2) འཆོལ་རྡེལ། གཅིན་བར་མཚམས་བཅད་ནས་ཡོང་བ། རྟ་ཞོན་པ་དང་ལུས་དྲག་ཤུལ་བྱས་པ་བཅས་ཀྱི་རྗེས་ལ་གཅིན་ཁྲག་ཅན་ཡོང་གི་ཡོད་པ་རེད། (3) ཟུག་རྡེལ། རྡེའུ་དེ་ལྒང་པའི་ཁ་ལ་ཡོད་ན་ན་ཟུག་དོན་ནས་ཆུ་ཐིགས་ཙམ་ལས་རྒྱུན་དུ་སྡོམ་པ་དང་། ལྒང་པའི་གཏིང་དུ་ཡོད་ན་ན་ཟུག་དོན་པ་ལས་ཆུ་མི་འགགས།
- language:
- Tibetan