Skip to main content Skip to search
gcin snyi'i nang gses dbye ba nyi shu
ID:
T229514
  • གཅིན་སྙིའི་ནང་གསེས་དབྱེ་བ་ཉི་ཤུ (Tibetan, Tibetan script, Original)
    • > gcin snyi'i nang gses dbye ba nyi shu (Tibetan, Latin script, Transliteration-THL Extended Wylie Transliteration)
    • > chin nyi nangsé yewa nyishu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

(1)བད་ཀན་ཟ་ཁུ། ༡ (ཆུ་འདྲ) མདོག་དང་བྲོ་བ་མེད་པ་ཆུ་འདྲའི་ཟ་ཁུ། ༢ (ཆང་འདྲ) ཟ་ཁུ་བསྐ་བ་ཆང་དང་འདྲ་བ། ༣ (བུར་ཤིང་ཁུ་བ) ཟ་ཁུའི་རོ་མངར་བ་བུར་ཤིང་དང་འདྲ་བ། ༤ (གར་པོ) ཟ་ཁུ་གར་པོ་ཅན། ༥ (འབྲས་ཕྱེ) ཟ་ཁུ་དཀར་པོ་འབྲས་ཕྱེ་འདྲེས་པ་ལྟ་བུ། ༦ (ཁུ་ཆུ་ཅན) ཟ་ཁུའི་ནང་དུ་ཕྱེ་མ་འདྲེས་པ་འདྲ་བ། ༧ (བྱེ་མ) ཟ་ཁུའི་ཁུ་ཆུ་དང་འདྲ་བ། ༨ (བསིལ་ཅན) ཆུའི་རེག་བྱ་གྲང་ལ་རོ་མངར་བ་བསིལ་ཅན་གྱི་ཟ་ཁུ་ཅན། ༩ (བགས་འབྱུང) ཟ་ཁུ་ཉུང་ཟད་དལ་བུས་འབྱུང་བས་བགས་འབྱུང་གི་ཟ་ཁུ། ༡༠ (ཁ་ཆུ) ཟ་ཁུ་ནལ་ནལ་སྤྱིན་བག་ཅན་ཁ་ཆུ་འདྲ་བ་ཁ་ཆུའི་ཟ་ཁུ། (2)མཁྲིས་པའི་ཟ་ཁུ། ༡༡ (ནས་ཚིག) ཟ་ཁུའི་ཁ་དོག་དང་དྲི་རོ་ནས་ཚིག་ཁུ་བ་འདྲ་བ། ༡༢ (སྣག་ཚ) ཟ་ཁུའི་མདོག་ནག་པོ་སྣག་ཚ་འདྲ་བ། ༡༣ (སྔོན་པོ) ཟ་ཁུའི་མདོག་སྔོན་པོ་ཅན། ༡༤ (སྐྱེར་ཁུ) ཟ་ཁུའི་མདོག་སེར་པོ་སྐྱེར་ཁ་འདྲ་བ། ༡༥ (བཅོད་ཁུ) ཟ་ཁུའི་མདོག་དམར་སྨུག་བཙོད་ཁུ་འདྲ་བ། ༡༦ (ཁུག་འདྲ) ཟ་ཁུའི་མདོག་དམར་ནག་ཁྲག་དང་འདྲ། (3)རླུང་གི་ཟ་ཁུ། ༡༧ (རྐང་འདྲ) རྐང་མར་དང་འདྲེས་པ་རྐང་གི་ཟ་ཁུ། ༡༨ (ཞག་འདྲ) ཞག་མདངས་འདྲེས་པ་ཞག་གི་ཟ་ཁུ། ༡༩ (གླང་ཆེན) ཆུ་སེར་རྙོག་ཅན་དང་འདྲེས་པ་གླང་ཆེན་གྱི་ཟ་ཁུ། ༢༠ (སྦྲང་རྩི) སེར་སྨུག་སྦྲང་རྩི་ལྟར་མངར་བ་སྦྲང་རྩིའི་ཟ་ཁུ།

language:
Tibetan