- gcung rin po che rdo rje grags pa
- ID:
- T229524
- གཅུང་རིན་པོ་ཆེ་རྡོ་རྗེ་གྲགས་པ (Tibetan, Tibetan script, Original)
- > gcung rin po che rdo rje grags pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > chung rinpoche dorjé drakpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འབྲི་གུང་གདན་རབས་བཞི་པ་འདི་ཉིད་ཡབ་ཨ་ཉེ་ཨ་གྲགས་ཀྱི་སྲས་སུ་རབ་བྱུང་བཞི་པའི་ལྕགས་རྟ(༡༢༡༠)ལོར་སྒ་ཡུལ་ནོན་འཇམ་འོམ་བུ་ལུང་དུ་སྐུ་འཁྲུངས། དགུང་ལོ་དྲུག་ལ་ཡབ་ཡུམ་དང་བཅས་འབྲི་གུང་དུ་ཕེབས། རྗེ་སྐྱོབ་པ་རིན་པོ་ཆེ་ལས་རབ་ཏུ་བྱུང་། མཚན་རྡོ་རྗེ་གྲགས་པར་གསོལ། དགུང་ལོ་བདུན་ལ་རྗེ་སྐྱོབ་པ་གཞན་དོན་དུ་གཤེགས་པས་དབོན་བསོད་ནམས་གྲགས་པས་བདག་རྐྱེན་མཛད་དེ་ཡི་གེ་འབྲི་ཀློག་དང་འཇིག་རྟེན་གྱི་བསྟན་བཅོས་ལ་བྱང་བར་མཛད། དབོན་གྱི་དྲུང་་དུ་སྙིང་པོའི་ཆོས་བུམ་པ་གང་བྱོའི་ཚུལ་དུ་གསན། དགེ་བཤེས་དུ་མ་ལས་རྒྱུད་སྡེ་དང་མདོ་རྒྱུད་མང་དུ་གསན་ཅིང་སྦྱངས་པས་མཁས་པའི་མཆོག་ཏུ་གྱུར། དགུང་ལོ་ཉེར་གཅིག་པར་རྟ་ར་ཡོན་ཏན་སྟེང་ཁ་བྱ་བར་འདག་སྦྱར་གྱིས་ལོ་བཅུ་གསུམ་བར་རིམ་གཉིས་ཟབ་མོའི་དུས་འདའ་བར་མཛད། ཡི་དམ་གྱི་ལྷ་མང་དུ་ཞལ་གཟིགས། དངོས་གྲུབ་ཀྱི་མཚན་མ་བརྙེས། དགུང་ལོ་ཞེ་དྲུག་པ་ལ་འབྲི་གུང་པའི་ཆེ་དགུ་ཐམས་ཅད་ཀྱིས་འཇིག་རྟེན་མགོན་པོའི་ཆོས་ཁྲིར་མངའ་གསོལ། གདུལ་བྱ་རྣམས་ལ་སྨིན་གྲོལ་གྱི་ཟབ་ཆོས་རྒྱ་ཆེར་བསྐོར། དགེ་འདུན་གྱི་ཚོགས་པ་ཁྲི་ཚོ་བཅོ་བརྒྱད་ཙམ་རྟག་ཏུ་འདུས། ལྷ་ཁང་ཆེན་མོ་ཀ་བ་བརྒྱ་དང་བརྒྱད་ཅུ་པ་ནང་གི་ཞལ་བ་རྣམས་གསེར་གྱི་ལྡེ་གུས་ཁྱབ་པ། གསེར་ཟངས་ལས་གྲུབ་པའི་སྐུ་གསུང་ཐུགས་རྟེན། གཙུག་ལག་ཁང་སྟེང་དུ་རྒྱ་ཕིབསསོགས་གསར་བཞེངས་མཛད། སྐབས་དེ་ཙམ་དུ་ཧོར་གྱི་རྒྱལ་པོ་ཁས་ཏེ་ཁ་ཞེས་པ་གདུག་ཅན་དམག་མི་མང་པོ་དང་བཅས་འདམ་དུ་ལྷགས་པས་རྗེ་ཉིད་འདམ་དུ་ཕེབས་ནས་བོད་ཁམས་འཇིགས་པ་ལས་ཐར་བ་མཛད། སླར་འབྲི་གུང་དུ་ཕེབས་ནས་རྒྱལ་བའི་བཀའ་དང་བསྟན་བཅོས་གངས་ལྗོངས་སུ་འགྱུར་མའི་གླེགས་བམ་བསམ་གྱིས་མི་ཁྱབ་པ་བཞེངས། དགེ་འདུན་འབུམ་ཕྲག་ལ་ཕ་ཆོས་ལྔ་ལྡན་ཆོས་དྲུག་ལ་སོགས་པ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་བསྐོར། དེ་ནས་གནས་ཆེན་དཔལ་གྱི་ཙཱ་རི་ཏྲ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཕེབས། དཔའ་བོ་མཁའ་འགྲོ་ལ་ཚོགས་ཀྱི་འཁོར་ལོ་དང་། དེར་གནས་སྐྱེ་དགུ་རྣམས་ལ་ཆོས་དང་ཟང་ཟིང་གིས་ཚིམ་པར་མཛད། ཡུལ་སྨད་ལས་ཚན་བཅོ་བརྒྱད་སོགས་དང་རྡོར་འཛིན་འགྲོ་འགོན་ཕྱག་ཆེན་བཅས་བསྐོ་བཞག་གནང་། དེ་ནས་དྭགས་པོའི་ཕྱོགས་སུ་ཕེབས་ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། བརྒྱལ་སངས་དགོན་པ་བཏབ་ནས་དགེ་འདུན་གྱི་ཚོགས་མང་དུ་འཕེལ། དེ་སྐབས་སྒོམ་པ་ལ་ཁྲི་དཔོན་གི་ལུང་ལས་བྱུང་། བྱར་དྭགས་ཀོང་གསུམ་ཕལ་ཆེར་ལ་དབང་བསྒྱུར། དེ་ནས་འཛམ་དང་གུ་ལིང་བྱ་བ་དབེན་གནས་རྣམས་སུ་རིམ་གཉིས་ཟབ་མོའི་རྣལ་འབྱོར་ལ་བཞུགས་ཏེ་མཐར་དགུང་ལོ་རེ་དགུ་ལ་ཕེབས་པ་རབ་བྱུང་ལྔ་པའི་ས་སྟག(༡༢༧༨) ལོར་སྐུའི་དཀྱིལ་འཁོར་ཆོས་དབྱིངས་སུ་བསྡུས་སོ།། །
- language:
- Tibetan
2. Thupten Phuntsok Dictionary
འབྲི་གུང་གདན་རབས་བཞི་པ་འདི་ཉིད་ཡབ་ཨ་ཉེ་ཨ་གྲགས་ཀྱི་སྲས་སུ་རབ་བྱུང་བཞི་པའི་ལྕགས་རྟ (༡༢༡༠) ལོར་སྒ་ཡུལ་ནོན་འཇམ་འོམ་བུ་ལུང་དུ་སྐུ་འཁྲུངས། དགུང་ལོ་དྲུག་ལ་ཡབ་ཡུམ་དང་བཅས་འབྲི་གུང་དུ་ཕེབས། རྗེ་སྐྱོབ་པ་རིན་པོ་ཆེ་ལས་རབ་ཏུ་བྱུང་། མཚན་རྡོ་རྗེ་གྲགས་པར་གསོལ། དགུང་ལོ་བདུན་ལ་རྗེ་སྐྱོབ་པ་གཞོན་དོན་དུ་གཤེགས་པས་དབོན་བསོད་ནམས་གྲགས་པས་བདག་རྐྱེན་མཛད་དེ་ཡི་གེ་འབྲི་ཀློག་དང་འཇིག་རྟེན་གྱི་བསྟན་བཅོས་ལ་བྱང་བར་མཛད། དགེ་འདུན་འབུམ་ཕྲག་ལ་ཕ་ཆོས་ལྔ་ལྡན་ཆོས་དྲུག་ལ་སོགས་པ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་བསྐོར། དེ་ནས་གནས་ཆེན་དཔལ་གྱི་ཙཱ་རི་ཏྲ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཕེབས། བརྒྱལ་སངས་དགོན་པ་བཏབ་ནས་དགེ་འདུན་གྱི་ཚོགས་མང་དུ་འཕེལ། དེ་སྐབས་སྒོམ་པ་ལ་ཁྲི་དཔོན་གྱི་ལུང་ལས་བྱུང་། བྱར་དྭགས་ཀོང་གསུམ་ཕལ་ཆེར་ལ་དབང་བསྒྱུར། དེ་ནས་འཛམ་དང་གུ་ལིང་བྱ་བ་དབེན་གནས་རྣམས་སུ་རིམ་གཉིས་ཟབ་མོའི་རྣལ་འབྱོར་ལ་བཞུགས་ཏེ་མཐར་དགུང་ལོ་རེ་དགུ་ལ་ཕེབས་པ་རབ་བྱུང་ལྔ་པའི་ས་སྟག (༡༢༧༨) ལོར་སྐུའི་དཀྱིལ་འཁོར་ཆོས་དབྱིངས་སུ་བསྡུས་སོ། །
- language:
- Tibetan