Skip to main content Skip to search
bcad kyi steng du tshon kha sgrig pa
ID:
T229546
  • བཅད་ཀྱི་སྟེང་དུ་ཚོན་ཁ་སྒྲིག་པ (Tibetan, Tibetan script, Original)
    • > bcad kyi steng du tshon kha sgrig pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ché kyi tengdu tsön kha drikpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རྒྱ་སྲོལ་རི་མོའི་མཚོན་བྱེད་ཀྱི་ཐབས་རྩལ་གྲས་ཤིག་ཡིན། དེ་ཡང་ཐོག་མར་སྣག་ཚས་དངོས་པོའི་གཟུགས་བརྙན་གྱི་བཟོ་དབྱིབས་དེ་བཅད་ལ་བརྟེན་ནས་བྲིས་པ་དང་། དེ་རྗེས་བཅད་ཀྱི་སྟེང་དུ་ཁ་དོག་སོ་སོས་ཚོན་ཁ་སྒྲིག་གི་ཡོད། དོ་སྣང་བྱེད་དགོས་པ་ཞིག་ལ་བཅད་ཀྱི་སྟེང་དུ་འཛེམས་ཟོན་བྱས་ཏེ་བཅད་ཀྱི་མཚམས་བར་ཚོན་བྱུགས་པའི་ཐབས་ཤེས་དང་། ཡང་ན་བཅད་ཀྱི་མཚམས་དེར་སྐྱ་ཕྲ་མོ་ཞིག་བཞག་སྟེ་ཚོན་བྱུགས་པའི་ཐབས་ཤེས་རིགས་གཉིས་ཡོད། དེར་བཅད་ཀྱི་སྟེང་དུ་ཚོན་ཁ་སྒྲིག་པ་ཞེས་ཟེར།

language:
Tibetan