- bcad med lo ma dang bcad ldan lo ma
- ID:
- T229558
- བཅད་མེད་ལོ་མ་དང་བཅད་ལྡན་ལོ་མ (Tibetan, Tibetan script, Original)
- > bcad med lo ma dang bcad ldan lo ma (Tibetan, Latin script, Transliteration-THL Extended Wylie Transliteration)
- > chemé loma dang cheden loma (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གནའ་བོའི་རི་ཆུ་རི་མོ་མཁས་ཅན་ཚོས་ལྗོན་ཤིང་གི་ལོ་མ་འབྲི་བའི་ཐབས་རྩལ་རིགས་གཉིས་ཏེ། བཅད་མེད་ལོ་མ་ནི་པིར་རྩེས་ཕྲ་དཀྲུག་པ་ལྟ་བུའི་སྒོ་ནས་ཤིང་གི་ཡལ་གའི་སྟེང་འཛུགས་ཀྱི་ཡོད། བཅད་ཡོད་ལོ་མ་ནི་ལོ་མའི་མཐའ་བཅད་བརྒྱབ་སྟེ་ལོ་མ་རེ་རེ་བཞིན་གསལ་པོར་བྲིས་ཡོད། ལོ་མ་འབྲི་སྐབས་དོ་སྣང་བྱེད་དགོས་པ་ཞིག་ལ། ལོ་མ་ཚང་མ་གཞོགས་གཅིག་ལ་ཁ་གཏད་ནས་འབྲི་རྒྱུ་དེ་མ་ཡིན་པར། ཕྱོགས་སྣ་ཚོགས་ལ་གཏད་ནས་འབྲི་དགོས་པ་དང་། འགའ་ཞིག་སར་ལོ་མ་རྫོབ་རྫོབ་ཡོད་ལ། འགའ་ཞིག་སར་ལོ་མ་ཐ་ཐོར་ཡིན་པ་སོགས་རང་བཞིན་གྱི་རྣམ་པ་ལྡན་པ། དེ་ཡང་ཡང་བ་དང་ལྕི་བ་སོགས་ཀྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱེད་དགོས།
- language:
- Tibetan