Skip to main content Skip to search
bcad rigs bco brgyad
ID:
T229559
  • བཅད་རིགས་བཅོ་བརྒྱད (Tibetan, Tibetan script, Original)
    • > bcad rigs bco brgyad (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ché rik chobgyé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རྒྱ་སྲོལ་རི་མོའི་མཚོན་བྱེད་ཀྱི་ཐབས་རྩལ་ཞིག་ཡིན། དེ་ཡང་དངོས་པོ་གང་ཞིག་ཡིན་རུང་རང་རང་སོ་སོའི་སྤུས་ཚོར་མི་འདྲ་བར་བརྟེན་བཅད་རྒྱག་སྟངས་མི་འདྲ་བའི་ཐབས་ཤེས་སྤྱད་ནས་མཚོན་པ་བྱེད་ཀྱི་ཡོད་པ་སྟེ། ༡ ལྕགས་སྐུད་ཀྱི་བཅད་ནི་པིར་རྩེ་འདྲོང་པོར་སྤྱད་ནས་བྲག་རྡོའི་སྟེང་དུ་ཟོང་འདྲུས་བརྒྱབ་པའི་རྣམ་པ་མངོན་པ། ༢ སྐྱུ་རུའི་དབྱིབས་བཅད་ནི་པིར་རྩེ་རྣོ་ལ་སྤུ་རྫོབ་མཐུག་པའི་པིར་གྱིས་སྐྱུ་རུའི་དབྱིབས་དང་འདྲ་བ། ༣ སྤྲིན་དང་ཆུ་རྒྱུན་རྒྱུག་པའི་དབྱིབས་བཅད་ནི་པིར་རྩེ་འདྲོང་པོར་སྤྱད་ནས་ཆུ་རིས་ཀྱག་ཀྱོག་གི་རྣམ་པ་མཚོན་པར་བྱེད་པ། ༤ ཁ་སུར་གྱི་ཚི་གུའི་དབྱིབས་བཅད་ནི་པིར་རྩེ་ཕྲ་ལ་རྩེ་སྦས་ཀྱི་ཐབས་སྤྱད་ནས་ཁ་སུར་གྱི་ཚི་གུའི་དབྱིབས་དང་མཚུངས་པ། ༥ འདར་བཅད་ཆུ་རིས་ནི་པིར་རྩེ་རྩེ་སྦས་ཀྱི་ཐབས་ལ་བརྟེན་ནས་ཆུ་རིས་མྱུར་བགྲོད་ལྟར་གྱི་རྣམ་པ་འདྲ་བ། ༦ ཉུང་བསྡུས་བཅད་ནི་མཱ་ཡོན་དང་། ལེང་ཁའེ་གཉིས་ཀྱིས་སྤྱོད་པའི་བཅད་ཐབས་ཤིག་ཡིན། བཅད་དེའི་དབྱིབས་ནི་མདེལ་རྩེ་དང་འདྲ་བ་ཞིག་ཡིན། ༧ རྒྱ་ལྕང་ལོ་དབྱིབས་ཀྱི་བཅད་ནི་རིམ་བཞིན་དལ་པོའི་སྒོ་ནས་སྦོམ་པོ་ནས་ཕྲ་པོ་འབྲི་ཐབས་ལ་ཟེར། ༨ རྨྱུག་མའི་ལོ་དབྱིབས་ཀྱི་བཅད་ནི་པིར་རྩེ་འཕྲེད་དུ་བསྙལ་ནས་སྦོམ་ལ་ཐུང་བའི་སྒོ་ནས་རྨྱུག་མའི་ལོ་དབྱིབས་ལྟར་བཅད་རྒྱག་པ། ༩ མཉམ་བསྲེས་བཅད་ནི་སྣག་ཚ་སྤྱོད་སྟངས་ཀྱི་ཐད་ལ་ཐོག་མར་པིར་ཁ་སྐམ་ཙམ་གྱིས་གོས་ཀྱི་སུལ་རིས་ལྟར་བརྒྱབ་རྗེས་སུ་སླར་ཡང་སྣག་ཚ་གར་ཙམ་གྱིས་མཉམ་བསྲེས་བཅད་བརྒྱབ་པ་ཡིན། ༡༠ གཟེར་མགོ་ཁ་ཀེར་གྱི་དབྱིབས་བཅད་ནི་གཟེར་མགོ་ལྟར་སྒྲིམ་ལ་ཤུགས་བརྒྱབ་ནས་བཙུགས་རྗེས་སུ་རྟ་རྒྱུག་པ་ལྟར་མྱུར་བཅད་རྒྱག་དགོས། ༡༡ ཤིང་སྐམ་དབྱིབས་བཅད་ནི་པིར་རྩེ་འཕྲེད་དུ་བསྙལ་ནས་བསྡུས་བཅད་རྒྱག་རྒྱུ། ༡༢ འབུ་དམར་དབྱིབས་བཅད་ནི་པིར་རྩེར་སྣག་ཚ་མང་ཙམ་འདྲེས་ནས་རྩེ་སྦས་ཀྱི་ཐབས་ལ་བརྟེན་ནས་རྒྱག་དགོས་ལ། འགོ་མཇུག་གཉིས་གློ་བུར་ཕྲ་སྦོམ་བཏང་བ་ལྟ་བུ་བྱེད་མི་རུང་། ༡༣ གནའ་བོའི་སྡོམ་སྐུད་བཅད་ནི་པིར་རྩེ་ཕྲ་མོས་རྒྱག་དགོས་ཤིང་གནའ་བོའི་མི་ཚོས་བཅད་དེ་ལྟར་སྤྱོད་རྒྱུར་དགའ་པོ་བྱེད་ཀྱི་ཡོད། ༡༤ རྒྱུས་སྐུད་བཅད་ནི་བཅད་མང་ཞིང་རྙོག་དྲ་ཇི་ལྟར་ཆེ་ཡང་འཛིངས་པའི་རྣམ་པ་མེད་པ། ༡༥ འབུ་པད་པའི་དབྱིབས་བཅད་ནི་པིར་རྩེ་ཕྲ་མོ་སྤྱད་ནས་རྩེ་མོ་ཕྲ་ལ་ཞབས་ར་གྲུ་བཞིའི་རྣམ་པ་ཅན་ཞིག་ཡོད། ༡༦ གཟེར་མགོ་དང་བྱི་བའི་མཇུག་མའི་དབྱིབས་བཅད་ནི་པིར་རྩེ་སྤྱོད་སྐབས་བཅད་འགོ་གཟེར་མགོའི་དབྱིབས་ལ་བཅད་གཞུག་བྱི་བའི་མཇུག་མ་ལྟར་ཕྲ་ཞིང་རིང་བ་དགོས། ༡༧ ཚའོ་གོས་བཅད་ནི་པིར་རྩེ་ཕྲ་མོས་བཅད་དབྱིབས་བརྩེགས་པའི་རྣམ་པ་ཐོན་པ། ༡༨ འདམ་རྩྭ་ལྟེབ་བཅད་ནི་པིར་ཁ་སྦོམ་ལ་པིར་རྩེ་ཕྲ་མོས་བཅད་སྣེ་རིང་ཞིང་ཕྲ་བའི་རྣམ་པ་ཐོན་ཐུབ་པ་བཅས་དགོས་སོ། །

language:
Tibetan