- bcu gcig zhal ri zur
- ID:
- T229577
- བཅུ་གཅིག་ཞལ་རི་ཟུར (Tibetan, Tibetan script, Original)
- > bcu gcig zhal ri zur (Tibetan, Latin script, Transliteration-THL Extended Wylie Transliteration)
- > chuchik shyal ri zur (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
སྟག་རྩེ་རྫོང(ལྷ་ས་གྲོང་ཁྱེར་ཁོངས)འབྲོམ་ཐོད་ཤང་ཁོངས་བཅུ་གཅིག་ཞལ་ཟེར་བའི་རི་ཟུར་ཞིག་ནས་སྔོན་ཙོང་ཁ་པ་ཆེན་པོས་སྲོང་བཙན་གྱི་དངུལ་དམ་རྟ་མགོ་ཅན་གཏེར་ནས་བཞེས་པའི་ཤུལ་གསལ་པོ་ཡོད་ནའང་བོད་རབ་བྱུང་བཅུ་དྲུག་པའི་ས་བྱ(༡༩༦༩)ལོར་ལམ་བཟོའི་་སྐབས་གཏོར་འདུག་པ་དང་། དེ་མིན་དེ་སྔོན་འབྲོམ་ཐོད་ཤང་ཁོངས་དུང་དཀར་འཕྲང་ཟེར་བ་ནས་དགའ་ལྡན་དགོན་གྱི་ཚོགས་དུང་གཏེར་ནས་འདོན་པ་རེད་ཟེར་སྲོལ་འདུག་པ་ལས་བཏོན་མཁན་སུ་ཡིན་གསལ་པོ་ཤོད་རྒྱུ་མེད་ནའང་བཏོན་ཤུལ་ད་ལྟའང་གསལ་པོ་ཡོད་སྐད།
- language:
- Tibetan
2. Thupten Phuntsok Dictionary
སྟག་རྩེ་རྫོང (ལྷ་ས་གྲོང་ཁྱེར་ཁོངས) འབྲོང་ཐོད་ཤང་ཁོངས་བཅུ་གཅིག་ཞལ་ཟེར་བའི་རི་ཟུར་ཞིག་ནས་སྔོན་ཙོང་ཁ་པ་ཆེན་པོས་སྲོང་བཙན་གྱི་དངུལ་དམ་རྟ་མགོ་ཅན་གཏེར་ནས་བཞེས་པའི་ཤུལ་གསལ་པོ་ཡོད་ནའང་བོད་རབ་བྱུང་བཅུ་དྲུག་པའི་ས་བྱ་ (༡༩༦༩) ལོར་ལམ་བཟོའི་སྐབས་གཏོར་འདུག
- language:
- Tibetan