- bcu gnyis pa rin chen rdo rje
- ID:
- T229579
- བཅུ་གཉིས་པ་རིན་ཆེན་རྡོ་རྗེ (Tibetan, Tibetan script, Original)
- > bcu gnyis pa rin chen rdo rje (Tibetan, Latin script, Transliteration-THL Extended Wylie Transliteration)
- > chunyipa rinchen dorjé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྗེ་འདི་ཉིད་རབ་བྱུང་བཞི་པའི་ས་སྟག(༡༢༡༨)ལོར་ཡབ་གཏེར་རྒྱབ་རིན་པོ་ཆེའི་སྲས་སུ་སྐུ་བལྟམས། སློབ་དཔོན་ནམ་འགག་པ་ལས་རབ་ཏུ་བྱུང་། མཚན་རིན་ཆེན་རྡོ་རྗེར་གསོལ། དགུང་ལོ་ཉི་ཤུ་རྩ་གཉིས་པ་ལ་དབུས་སུ་བྱོན་ནས་རྗེ་སྤྱན་སྔ་པ་མཇལ། དགུང་ལོ་ཉི་ཤུ་རྩ་ལྔ་པ་ལ་མཁན་པོ་ཞང་སེ་གསེབ་བར་པ་དང་། སློབ་དཔོན་ཡར་ཁང་པ། གསང་སྟོན་སྟོད་ལུང་པ་རྣམས་ལས་བསྙེན་རྫོགས་མཛད། བཀའ་རྒྱུད་ཀྱི་ཆོས་རྣམས་རྫོགས་པར་གསན། ལོ་བཅུ་གཉིས་རིང་སྔས་ལ་དབུ་མི་འཇོག་པར་ཐུགས་དམ་མཛད་པས་དུ་མ་རོ་གཅིག་གི་རྟོགས་པ་འཁྲུངས། དེ་ནས་རྒྱལ་བའི་དྲུང་ཟབ་ཁྲིད་ལྷག་མ་རྣམས་གསན། དགུང་ལོ་ལྔ་བཅུ་པ་རབ་བྱུང་ལྔ་པའི་མེ་ཡོས(༡༢༦༧)ལོར་དཔལ་ཕག་མོ་གྲུ་པའི་གདན་སར་ཕེབས། ལོ་བཅུ་བཞིར་གདན་ས་བསྐྱངས། རབ་གནས་དང་རྟེན་འབྲེལ་ལ་མངའ་བརྙེས་ཤིང་། མངོན་པར་ཤེས་པ་ཐོགས་པ་མེད། གདན་སར་ཕེབས་ནས་རྒྱལ་བ་རིན་པོ་ཆེའི་ཐུགས་དགོངས་འགྲུབ་ཐབས་ཀྱི་སྒོ་མངས་འགྲན་ཟླ་དང་བྲལ་བ་བཞེངས། དེ་ནི་གདན་སའི་སྒོ་མངས་རྣམས་ཀྱི་ཐོག་མར་གྱུར། རྗེ་འདི་ལ་བུ་སློབ་མཁན་ཆེན་ཀུན་གསལ་བ་རིན་ཆེན་རྒྱལ་པོ་དང་སློབ་དཔོན་སྟོན་ནག་ལ་སོགས་པ་མང་དུ་བྱུང་། མཐར་དགུང་ལོ་དྲུག་ཅུ་རེ་གསུམ་ལ་ཕེབས་པ་རབ་བྱུང་ལྔ་པའི་ལྕགས་འབྲུག(༡༢༨༠)ལོར་ཞི་བར་གཤེགས།
- language:
- Tibetan
2. Thupten Phuntsok Dictionary
རྗེ་འདི་ཉིད་རབ་བྱུང་བཞི་པའི་ས་སྟག (༡༢༡༨) ལོར་ཡབ་གཏེར་རྒྱབ་རིན་པོ་ཆེའི་སྲས་སུ་སྐུ་བལྟམས། སློབ་དཔོན་ནམ་འགག་པ་ལས་རབ་ཏུ་བྱུང་། མཚན་རིན་ཆེན་རྡོ་རྗེར་གསོལ། དགུང་ལོ་ཉི་ཤུ་རྩ་གཉིས་པ་ལ་དབུས་སུ་བྱོན་ནས་རྗེ་སྤྱན་སྔ་པ་མཇལ། དགུང་ལོ་ཉི་ཤུ་རྩ་ལྔ་པ་ལ་མཁན་པོ་ཞང་སེ་གསེབ་བར་པ་དང་། སློབ་དཔོན་ཡར་ཁང་པ། གསང་སྟོན་སྟོད་ལུང་པ་རྣམས་ལས་བསྙེན་རྫོགས་མཛད། བཀའ་བརྒྱུད་ཀྱི་ཆོས་རྣམས་རྫོགས་པར་གསན། དགུང་ལོ་ལྔ་བཅུ་པ་རབ་བྱུང་ལྔ་པའི་མེ་ཡོས (༡༢༦༧) ལོར་དཔལ་ཕག་མོ་གྲུ་པའི་གདན་སར་ཕེབས། ལོ་བཅུ་བཞིར་གདན་ས་བསྐྱངས། རྗེ་འདི་ལ་བུ་སློབ་མཁན་ཆེན་ཀུན་གསལ་བ་རིན་ཆེན་རྒྱལ་པོ་དང་སློབ་དཔོན་སྟོན་ནག་ལ་སོགས་པ་མང་དུ་བྱུང་། མཐར་དགུང་ལོ་དྲུག་ཅུ་རེ་གསུམ་ལ་ཕེབས་པ་རབ་བྱུང་ལྔ་པའི་ལྕགས་འབྲུག (༡༢༨༠) ལོར་ཞི་བར་གཤེགས།
- language:
- Tibetan