Skip to main content Skip to search
bco brgyad khri chen ngag dbang mkhyen rab thub bstan legs bshad rgya mtsho
ID:
T229588
  • བཅོ་བརྒྱད་ཁྲི་ཆེན་ངག་དབང་མཁྱེན་རབ་ཐུབ་བསྟན་ལེགས་བཤད་རྒྱ་མཚོ (Tibetan, Tibetan script, Original)
    • > bco brgyad khri chen ngag dbang mkhyen rab thub bstan legs bshad rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
    • > chobgyé tri chen ngawang khyen rab tubten lek shé gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ན་ལེནྡྲའི་གདན་རབས་ཉེར་ལྔ་པ་ཡིན། སྤྱི་ལོ་༡༩༡༩ལོའི་བོད་ཟླ་བརྒྱད་པའི་ཚེས་བཅུ་བཞི་ཉིན་འཁྲུངས་ཤིང་། དགུང་ལོ་དགུ་ལ་སོན་སྐབས་ཁོང་གི་གཅེན་པོ་ལྕེ་བཙུན་ཐར་རྩེ་མཁན་རིན་པོ་ཆེའི་མདུན་ནས་ཡི་གེ་འབྲི་ཀློག་སོགས་སློབ། ལོ་དེར་༧གོང་ས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་གི་ཐུགས་དམ་དགོངས་དོན་བཞིན་ཆོས་གྲྭ་ཆེན་པོ་ན་ལེནྡྲའི་ཁྲི་ལ་བཞུགས། དགུང་གྲངས་བཅུ་གཉིས་ལ་ཕེབས་སྐབས་ཁྲི་འདོན་མཛད་ཅིང་། དེ་ནས་བཟུང་སྟེ་དགུང་གྲངས་སོ་དགུ་བར་དུ་གསན་བསམ་ཉམས་བཞེས་ཀྱི་སྒོ་ནས་བསྟན་འགྲོར་དོན་མཛད། དགུང་གྲངས་སོ་དགུ་ལ་ཕེབས་དུས་བོད་ནང་དུས་འགྱུར་བྱུང་བ་ལ་བརྟེན་གློ་ཡུལ་བརྒྱུད་བལ་ཡུལ་དུ་ཆིབས་ཤིང་། རིམ་གྱིས་བལ་ཡུལ་དུ་ལྷོད་བཞུགས་ཀྱིས་སྟོན་པ་ཐུབ་པའི་དབང་པོ་མཆོག་སྐུར་འཁྲུངས་སའི་གནས་མཆོག་ལིམ་བི་ནིར་སྒྲུབ་སྡེ་གསར་བཞེངས་དང་། མཆོད་རྟེན་བྱ་རུང་ཁ་ཤོར་གྱི་འདབས་སུ་ཡང་དགོན་སྡེ་གསར་བཞེངས་ཀྱིས་བསྟན་འགྲོར་སྨན་པའི་མཛད་བཟང་གོང་འཕེལ་གྱི་ངོས། ས་སྐྱའི་ཁྲི་འཛིན་རིན་པོ་ཆེར་རྒྱུད་སྡེ་ཀུན་བཏུས་ཀྱི་དབང་ཁྲིད་ལུང་བཅས་དང་། གསང་ཆེན་སློབ་བཤད་ཟབ་མོའི་གཙོས་ཟབ་ཆོས་དུ་མ་འབུལ་གནང་མཛད་པ་དང་། གཞན་ཡང་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་སོགས་ས་དགེ་བཀའ་རྙིང་གྲུབ་མཐའ་རིས་སུ་མ་ངེས་པའི་སྐྱེས་ཆེན་ཕལ་མོ་ཆེ་མགོན་པོ་གང་གི་ཞབས་པད་སྤྱི་བོར་མཆོད་ནས་ཟབ་ཆོས་གསན་བཞེས་མཛད་པ་སོགས་མཛད་འཕྲིན་ནམ་མཁའ་དང་མཉམ་པ་དང་། ཨོ་སི་ཁྲི་ལི་ཡ་དང་སིང་ག་པུར་སོགས་སུ་ཡང་ཆིབས་སྒྱུར་སྣང་སྟེ་དཔལ་ལྡན་ས་སྐྱ་པའི་བསྟན་པ་རིན་པོ་ཆེ་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཀྱི་མཛད་བཟང་བླ་ན་མེད་པ་བསྐྱངས། སྤྱི་ལོ་༡༩༩༩ལོའི་སྟོན་དུས་སུ་རིན་པོ་ཆེ་མཆོག་དགུང་གྲངས་བརྒྱད་ཅུ་ལ་ཕེབས་པའི་སྐུ་འཁྲུངས་དུས་ཆེན་དགེ་བའི་ཉིན་མཛད་སྒོ་གཟབ་རྒྱས་ཤིག་བསྐྱངས་སྐབས། འཁོན་གདུང་སྐུ་བགྲེས་གཞོན་རྣམ་གཉིས་བསྐྱེད་ཡུམ་ཆེན་མོ་དང་བཅས་པ་ཆེད་ཕེབས་ཀྱིས་བརྟན་གསོལ་འཁྲུངས་སྐར་གྱི་མཛད་སྒོའི་གཙོ་སྐྱོང་གནང་། སྤྱི་ལོ་༢༠༠༧ལོ་ལ་སྐུ་གཤེགས།

language:
Tibetan