Skip to main content Skip to search
bco brgyad thog mda'
ID:
T229589
  • བཅོ་བརྒྱད་ཐོག་མདའ (Tibetan, Tibetan script, Original)
    • > bco brgyad thog mda' (Tibetan, Latin script, Transliteration-THL Extended Wylie Transliteration)
    • > chobgyé tok da (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. bod rgya tshig mdzod chen mo

[756] ཧོར་ཟླ་དང་པོའི་ཚེས་བཅོ་བརྒྱད་ཉིན་རྫོང་རྒྱབ་ཏུ་ཐོག་མའི་མདའ་རྩལ་འགྲན་པའི་རྩེད་སྣ་ཞིག …

language:
Tibetan

2. dung dkar bod rig pa'i tshig mdzod chen mo

དེ་སྔ་བོད་ས་གནས་སྲིད་གཞུང་སྐབས་བོད་ཟླ་དང་པོའི་ཚེས་བཅོ་བརྒྱད་ཉིན་བཅོ་བརྒྱད་ཐོག་མདའ་ཞེས་དེ་སྔ་སྨོན་ལམ་བྱེད་སྒོའི་གཟིམས་པའི་གྲ་སྒྲིག་ཤིག་ཡིན་ཞིང་། དེ་དག་དམག་སྤྱི་ཁང་ནས་འགོ་གཙོ་བོར་བྱེད་དགོས་པ་དང་། མཛད་སྒོར་དབུས་མདའ་གཉིས། དམག་དྲུང་གཉིས། སྒོ་མཛོད་གཉེར་པ་གཉིས། གཟིམས་པའི་ཚོ་ཆེན་དབུ་མཛད་གཅིག། དབུ་ཆུང་བཞི། མདའ་བཟང་བཞི། ཟླ་གཅིག་དྲུང་འཁོར་བཞི་བཅས་ཡོད། བྱེད་སྒོའི་ཐོག་མར་མདའ་རྒྱང་མ་དང་འཇུ་ཐའི་བཅས་འགྲན་སྡུར་སྦེ་ག་རྡོ་འགྱོགས་བཅས་ཡིན་ཅིང་། རྫོང་རྒྱབ་སྤྲོ་ཁང་དུ་འཛོམས་འཕྲལ་གསོལ་ཇ་བཞེས་འབྲས་དང་། ཇ་ཆང་། ཉིན་དགུང་དུ་བཞེས་གྲོ་དང་། ཐ་ཞིབ། དགོང་དྲོ་ཤ་འབྲས་བཅས་གཏོང་སྲོལ་དང་། གཟིམས་པ་ཚོ་ཆེན་བྱིངས་སུ་ཇ་ཐུག་དང་། རྩམ་པ། མདའ་ཨང་དང་གཉིས་ཀྱི་སྐད་ཟླ་གཅིག་དྲུང་འཁོར་ནས་བརྗོད་དགོས། ཚེས༢༢ཉིན་ཞོགས་པ་ཕོ་བྲང་རྒྱབ་འགོ་དམངས་ཚང་འཛོམས་དང་བསྟུན་སྡེ་བརྒྱད་གསེར་སྐྱེམས་དང་དགྲ་ལྷ་རྟ་ཐུག་དཀར་པོའི་བསང་མཆོད་ཟིན་པ་དང་གོ་རྩེད་དང་མཁར་སྣ་གདོང་ལ་བཀྲ་ཤིས་ཞགས་སྒོར་འཁྲིད་རྒྱུ་སོགས་ཡིན་ནོ། །

language:
Tibetan

3. Thupten Phuntsok Dictionary

བོད་ཟླ་དང་པོའི་ཚེས་བཅོ་བརྒྱད་ཉིན་རྫོང་རྒྱབ་ཀླུ་ཁང་དུ་ཐོག་མའི་མདའ་རྩལ་འགྲན་པའི་རྩེད་སྣ་ཞིག

language:
Tibetan

4. smon lam tshig mdzod chen mo

ཧོར་ཟླ་དང་པོའི་ཚེས་བཅོ་བརྒྱད་ཉིན་རྫོང་རྒྱབ་ཏུ་ཐོག་མའི་མདའ་རྩལ་འགྲན་པའི་རྩེད་སྣ་ཞིག

language:
Tibetan