- lcags kyu ba
- ID:
- T229620
- ལྕགས་ཀྱུ་བ (Tibetan, Tibetan script, Original)
- > lcags kyu ba (Tibetan, Latin script, Transliteration-THL Extended Wylie Transliteration)
- > chakkyu ba (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
དབྱིབས་ལ་བལྟོས་ནས་བཏགས་པའི་སེར་པོ་ཁྲག་རྐང་གི་མིང་གི་རྣམ་གྲངས་ཤིག་སྟེ། འཁྲུངས་དཔེ་ལས། གཉན་ཐུབ་རྒྱལ་པོ་ལྕགས་ཀྱུ་ནི། །ཉིན་གྱི་རྫ་བྲག་དྲུང་དུ་སྐྱེ། །སྡོང་བུ་རིང་ལ་ཅུང་ཟད་སེར། །ལོ་མ་གཡུ་བུན་གཏོར་བ་འདྲ། །མེ་ཏོག་གསེར་གྱི་གང་བུ་འདྲ། །ཟེའུ་འབྲུ་གླ་སྤུ་འཐོར་འདྲ་སེར། །འབྲས་བུ་ཟི་ར་དཀར་པོ་འདྲ། །དེ་ཡི་རྩེ་མོ་ལྕགས་ཀྱུ་འདྲ། །རྩ་བ་སེར་པོ་ཁྲག་རྐང་ཡིན། །རོ་ནི་ཅུང་ཞིག་ཁ་བ་ཡིན། །ཚད་རིམས་དུག་གཉན་རྒྱས་པ་འཇོམས། །རྙོག་པའི་ཚ་བ་དྭངས་སྙིགས་འབྱེད། །མ་སྨིན་སྨིན་བྱེད་འཐོར་བ་སྡུད། །ཚད་རིགས་འཇོམས་པའི་བདུད་རྩིར་བཤད།
- language:
- Tibetan