- lcags sna kha yar
- ID:
- T229629
- ལྕགས་སྣ་ཁ་ཡར (Tibetan, Tibetan script, Original)
- > lcags sna kha yar (Tibetan, Latin script, Transliteration-THL Extended Wylie Transliteration)
- > chak nakha yar (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གསེར་དང་། དངུལ། ཟངས། རག འཁར་བ། གཤའ། ཞ་ཉེ། ལྕགས་ནག་བཅས་བརྒྱད་ལ་ལྕགས་རིགས་བརྒྱད་ཅེས་གྲགས་པ་དང་། དེ་དག་ཟུང་མ་ཡིན་པ་ལ་ཁ་ཡར་ཞེས་ཟེར་བ་ཡིན་ཏེ། རྫོགས་ཆེན་པ་བསྟན་འཛིན་རྒྱལ་མཚན་གྱིས་མཛད་པའི་མངོན་བརྗོད་ལེགས་བཤད་གསེར་གྱི་ལྡེ་མིག་ལས། གསེར་དངུལ་ཟངས་རག་འཁར་བ་དང་། གཤའ་ཚེ་ཞ་ཉེ་ལྕགས་ནག་བརྒྱད། དེ་རྣམས་ཀྱི་མིང་ལྕགས་ཞེས་ཟེར། ཞེས་དང་། དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱིས། ཁ་ཡར་ནི་ཟུང་མ་ཡིན་པ་གཅིག་གསུམ་ལྔ་བདུན་ལྟ་བུའོ། །
- language:
- Tibetan