- lcags po ri baiDUr+ya yi rdo brkos
- ID:
- T229631
- ལྕགས་པོ་རི་བཻཌཱུརྱ་ཡི་རྡོ་བརྐོས (Tibetan, Tibetan script, Original)
- > lcags po ri baiDUr+ya yi rdo brkos (Tibetan, Latin script, Transliteration-THL Extended Wylie Transliteration)
- > chakpo ri baidurya(?) yi do kö (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ལྕགས་པོ་རིའི་རི་གཤམ་གྱི་ནུབ་ངོས་བྲག་ལྡེབས་སུ་སངས་རྒྱས་མི་འཁྲུགས་པའི་སྐུ་ཆེན་པོ་ཞིག་གིས་གཙོས་སྐུ་བརྙན་མང་པོ་བརྐོས་པ་དེ་ཚོ་ནི་ཐོག་མ་དུས་རབས་བཅུ་བཞི་པའི་ནང་རྡོ་རིང་པཎྜི་ཏས་ཡོན་སྦྱར་ནས་བཞེངས་སྐད་དང་། ལྷ་སའི་གྲོང་མི་འདས་གྲོངས་སུ་སོང་བའི་སྐྱེས་རྟགས་བཞེངས་མི་ཐུབ་མཁན་ཡིན་ན་དེ་གར་སྐུ་དཀར་སྒྲོན་ན་འཐུས་ཚུལ་གྱིས་དེ་ལྟར་བྱེད་སྲོལ་ཡོད་པར་གྲགས་ཀྱང་། ཕྱིས་རྡོ་བརྐོས་ཀྱི་སྐུ་དེ་དག་ལ་ཚོན་གཏོང་སྐབས་ཚོན་གསོས་བྱེད་ཀྱི་ཡོད། རྡོ་བརྐོས་སྐུ་བརྙན་གཙོ་བོ་དེའི་གཡས་སུ་གངས་རི་ར་བས་བསྐོར་བ་ཞེས་པའི་ཚིག་བཅད་ཤོ་ལོ་ཀ་གཅིག་ཡོད་པ་དེའི་ཚིགས་རྐང་གསུམ་པར་སྤྱན་རས་གཟིགས་དབང་བསྐལ་་བཟང་རྒྱ་མཚོ་ཡི་ཞེས་གསལ་བར་དཔྱད་ན་རྡོ་བརྐོས་དེ་རྒྱལ་བ་སྐུ་ཕྲེང་བདུན་པའི་སྐབས་རྡོ་རིང་པཎྜི་ཏས་ཡོན་སྦྱར་ནས་བརྐོས་ཟེར་བ་དེ་བདེན་པར་སེམས།
- language:
- Tibetan
2. Thupten Phuntsok Dictionary
ལྕགས་པོ་རིའི་རི་གཤམ་གྱི་ནུབ་ངོས་བྲག་ལྡེབས་སུ་སངས་རྒྱས་མི་འཁྲུགས་པའི་སྐུ་ཆེན་པོ་ཞིག་གིས་གཙོས་སྐུ་བརྙན་མང་པོ་བརྐོས་པ་དེ་ཚོ་ནི་ཐོག་མ་དུས་རབས་བཅུ་བཞི་པའི་ནང་རྡོ་རིང་པཎྚིས་ཡོན་སྦྱར་ནས་བཞེངས་སྐད་དང་། ལྷ་སའི་གྲོང་མི་འདས་གྲོངས་སུ་སོང་བའི་སྐྱེས་རྟགས་བཞེངས་མི་ཐུབ་མཁན་ཡིན་ན་དེ་གར་སྐུ་དཀར་སྒྲོན་ན་འཐུས་ཚུལ་དེ་སྔ་དེ་ལྟར་བྱེད་སྲོལ་ཡོད་པར་གྲགས་ཀྱང་། ཕྱིས་རྡོ་བརྐོས་ཀྱི་སྐུ་དེ་དག་ལ་ཚོན་གཏོང་སྐབས་ཚོན་གསོས་བྱེད་ཀྱི་ཡོད། རྡོ་བརྐོས་སྐུ་བརྙན་གཙོ་བོ་དེའི་གཡས་སུ་གངས་རི་ར་བས་བསྐོར་བ་ཞེས་པའི་ཚིག་བཅད་ཤོ་ལོ་ཀ་གཅིག་ཡོད་པ་དེའི་ཚིགས་རྐང་གསུམ་པར་སྤྱན་རས་གཟིགས་དབང་བསྐལ་བཟང་རྒྱ་མཚོ་ཡི་ཞེས་གསལ་བར་དཔྱད་ན་རྡོ་བརྐོས་དེ་རྒྱལ་བ་སྐུ་ཕྲེང་བདུན་པའི་སྐབས་རྡོ་རིང་པཎྚི་ཏས་ཡོན་སྦྱར་ནས་བརྐོས་ཟེར་བ་དེ་བདེན་པར་སེམས།
- language:
- Tibetan