Skip to main content Skip to search
lcags po ri'i sman chu
ID:
T229633
  • ལྕགས་པོ་རིའི་སྨན་ཆུ (Tibetan, Tibetan script, Original)
    • > lcags po ri'i sman chu (Tibetan, Latin script, Transliteration-THL Extended Wylie Transliteration)
    • > chakpo ri men chu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ལྕགས་པོ་རིའི་རི་འདབས་ཀྱི་བྱང་ངོས་སུ་ཡོད་པའི་སྨན་་ཆུ་ཞེས་ཆུ་མིག་རྡོ་རྩིག་གི་ལྕགས་རི་སེར་པོ་ཅན་ཞིག་ཡོད་པ་དེ་ནི་ཏཱ་ལའི་བླ་མའི་གསོལ་ཐབ་ཀྱི་ཆུ་ལེན་ས་ཡིན་པ་དིའི་ལྕགས་རིའི་རྒྱལ་སྒོར་སྒོ་ལྕགས་བརྒྱབ་པའི་ལྡེ་མིག་ནི་རྩེ་གསོལ་ཐབ་ཀྱི་ཆབ་བསུ་བས་ཉར་ནས་མི་གཞན་ར་བ་དེའི་ནང་འགྲོ་མི་ཆོག ཆུ་མིག་དེའི་ཆུ་ལྕགས་རིའི་ནང་ནས་རྒྱ་རྡོའི་ཡུར་བུ་ཞིག་བརྒྱུད་ལྕགས་རིའི་བྱང་གི་འོག་ནས་ཕྱིར་དོན་འགྲོ་ས་དེར་ཆུ་ལེན་་མཁན་དང་ཁྲུས་རྒྱག་མཁན་སོགས་ཡོད། དེ་བཞིན་ལྕགས་པོ་རིའི་ཤར་ངོས་བྲག་ལྷ་ཀླུ་སྒུག་གི་འགྲམ་གྱི་བྲག་འོག་ཏུ་ཆུ་མིག་ཅིག་ཡོད་པ་དེ་ནི་དེ་སྔ་པོ་ཏ་ལའི་མདུན་གྱི་ཞོལ་པ་བ་ཁག་ཅིག་དང་བྲག་ལྷ་ཀླུ་སྒུག་ཏུ་གནས་སྡོད་རྣམས་ཀྱི་ཆུ་ལེན་ས་ཡིན་པ་དེའི་ཤུལ་ད་ལྟའང་ཡོད།

language:
Tibetan

2. Thupten Phuntsok Dictionary

ལྕགས་པོ་རིའི་རི་འདབས་ཀྱི་བྱང་ངོས་སུ་ཡོད་པའི་སྨན་ཆུ་ཞེས་ཆུ་མིག་རྡོ་རྩིག་གི་ལྕགས་རི་སེར་པོ་ཅན་ཡོད་པ་དེ་ནི་ཏཱ་ལའི་བླ་མའི་གསོལ་ཐབ་ཀྱི་ཆུ་ལེན་ས་ཡིན་པ་དེའི་ལྕགས་རིའི་རྒྱལ་སྒོར་སྒོ་ལྕགས་བརྒྱབ་པའི་ལྡེ་མིག་ནི་རྩེ་གསོལ་ཐབ་ཀྱི་ཆབ་བསུ་བས་ཉར་ནས་མི་གཞན་ར་བ་དེའི་ནང་འགྲོ་མི་ཆོག ཆུ་མིག་དེའི་ཆུ་ལྕགས་རིའི་ནང་ནས་རྒྱ་རྡོའི་ཡུར་བུ་ཞིག་བརྒྱུད་ལྕགས་རིའི་བྱང་གི་འོག་ནས་ཕྱིར་དོན་འགྲོ་ས་དེར་ཆུ་ལེན་མཁན་དང་ཁྲུས་རྒྱག་མཁན་སོགས་ཡོད། དེ་བཞིན་ལྕགས་པོ་རིའི་ཤར་ངོས་བྲག་ལྷ་ཀླུ་སྒུག་གི་འགྲམ་གྱི་བྲག་འོག་ཏུ་ཆུ་མིག་ཅིག་ཡོད་པ་དེ་ནི་དེ་སྔ་པོ་ཏ་ལའི་མདུན་གྱི་ཞོལ་པ་བ་ཁག་ཅིག་དང་བྲག་ལྷ་ཀླུ་སྒུག་ཏུ་གནས་སྡོད་རྣམས་ཀྱི་ཆུ་ལེན་ས་ཡིན་པ་དེའི་ཤུལ་ད་ལྟའང་ཡོད།

language:
Tibetan