Skip to main content Skip to search
lcang skya ngag dbang blo bzang chos ldan
ID:
T229646
  • ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན (Tibetan, Tibetan script, Original)
    • > lcang skya ngag dbang blo bzang chos ldan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > chang kya ngawang lo zang chöden (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

མདོ་སྨད་ཙོང་ཁའི་ཉེ་འདབས་གཡི་དགེའི་ཆར་གཏོགས་རྟ་ཕྱུག་ཅེས་པའི་གྲོང་དུ་ཡབ་ཁེ་བ་ཅང་ཨེ་ཧར་དང་ཡུམ་ལོ་བཟའ་ཐར་མོ་མཚོ་གཉིས་ཀྱི་རིགས་སྲས་སུ་རབ་བྱུང་བཅུ་གཅིག་པའི་ཆུ་རྟ(༡༨༤༢)ལོའི་བོད་ཟླ་བཅུ་གཅིག་པར་སྐུ་བལྟམས། དགུང་གྲངས་གསུམ་བཞིར་ཕེབས་སྐབས་སྨྲ་མི་ཤེས་པའི་ཚུལ་བཞེས། དགེ་བསྙེན་གྱི་སྡོམ་པ་བཞེས་རྗེས་རིམ་གྱིས་གསུང་བགྲོས་བསྩལ། དགེ་འདུན་སྐྱབས་ཞེས་པའི་མཚན་གསོལ། ཐང་རིང་དགོན་གྱི་ཁྲི་པ་ཚུལ་ཁྲིམས་རྒྱ་མཚོ་དང་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་བླ་མ་གོང་མ་གྲགས་པ་འོད་ཟེར་གྱི་སྤྲུལ་སྐུར་ངོས་འཛིན་མཛད། དེ་རྗེས་བླ་མ་ཚུལ་ཁྲིམས་རྒྱ་མཚོ་དང་ཕུན་ཚོགས་བཟང་པོ་གཉིས་ཀྱི་དྲུང་ནས་རབ་ཏུ་བྱུང་། མཚན་བསྟན་འཛིན་ལེགས་བཤད་རྒྱ་མཚོ་ཞེས་གསོལ། ཡི་གེ་སྦྱོར་ཀློག་དང་ཆོས་དཔེ་བློ་འཛིན་གྱི་དབུ་ཚུགས། དགུང་ལོ་ཉི་ཤུ་ལ་ཕེབས་པ་ལྕགས་གླང་(༡༦༦༡)ལོར་དབུས་ལྷ་ལྡན་ཞིང་དུ་ཕེབས། ཀུན་གཟིགས་ལྔ་པ་ཆེན་པོ་བློ་བཟང་རྒྱ་མཚོ་མཆོག་གི་སྤྱན་སྔར་དགེ་ཚུལ་གྱི་སྡོམ་པ་མནོས། བློ་བཟང་ཆོས་ལྡན་ཞེས་པའི་མཚན་གནང་། དེ་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས། སྒོ་མང་དཔོན་སློབ་ངག་དབང་བློ་གྲོས་རྒྱ་མཚོ་ལས་བཀའ་ཆོས་མང་དུ་གསན། དགུང་ལོ་ཉེར་གསུམ་ལ་ཕེབས་པ་ཤིང་འབྲུག(༡༦༦༤)ལོར་རྒྱལ་མཆོག་ལྔ་པ་ཆེན་པོའི་སྐུ་མདུན་དུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་བདུན་པར་གླིང་བསྲེ་དང་ལྷ་ས་སྨོན་ལམ་ཆེན་མོར་གྲྭ་སྐོར་མཛད་ དགུང་ལོ་སོ་གསུམ་པར་གཙང་དུ་ཕེབས། ཤར་རྩེའི་མཁན་པོ་བློ་བཟང་པདྨ་ལ་རྗེའི་གསུང་འབུམ་སོགས་ཀྱི་ཁྲིད་དང་། སྔགས་པ་དཔོན་སློབ་དགེ་འདུན་གྲུབ་པ་ལས་དབང་ལུང་རྗེས་གནང་མང་པོ་ཞུས། སྔགས་ཆེན་དཀོན་མཆོག་རྒྱལ་མཚན་དང་དྲུང་པ་རྒྱལ་ཚབ་པ་སོགས་མཁས་པ་མང་པོའི་ཞབས་ལ་གཏུགས་ཏེ་མདོ་སྔགས་ཀྱི་གཞུང་ལ་སྦྱངས་པ་མཐར་ཕྱིན་མཛད། མཁས་པའི་གྲགས་པ་ཐོབ། དགུང་ལོ་ཞེ་གཉིས་པ་ཆུ་ཕག(༡༦༨༣)ལོར་མདོ་སྨད་དུ་ཕེབས། རབ་བྱུང་བཅུ་གཉིས་པའི་མེ་ཡོས(༡༦༨༧)ལོར་ཁྲི་ཆེན་ཀླུ་འབུམ་ངག་དབང་བློ་གྲོས་རྒྱ་མཚོའི་ཞབས་ཕྱི་མཛད་དེ་རྒྱ་ནག་པེ་ཅིང་དུ་ཕེབས། ས་འབྲུག(༡༦༨༨)ལོར་དགོན་ལུང་གི་ཁྲིར་ཕེབས། ཆུ་བྱ་(༡༦༩༣)ལོར་གོང་མ་ཁང་ཤིས་གདན་འདྲེན་ལྟར་སླར་ཡང་པེ་ཅིང་དུ་ཕེབས། མཁྱེན་བརྩེ་ནུས་པའི་གཟི་བྱིན་གྱིས་གོང་མས་དབུ་བླར་བཀུར། དེ་ནས་ལོ་བཞི་ཙམ་རྒྱ་ནག་ཏུ་གསང་བདེ་འཇིགས་གསུམ་གྱི་དབང་དང་རྗེས་གནང་ ཁྲིད་ལུང་བཅས་གནང་བ་དང་། དགེ་བསྙེན་དང་རབ་བྱུང་གི་སྡོམ་པ་འབོགས་པ་སོགས་དམ་པའི་ཆོས་ཀྱི་སྦྱིན་པ་རྒྱ་ཆེར་བསྩལ། དགུང་ལོ་ང་དྲུག་པ་མེ་གླང(༡༦༩༧)ལོར་རྒྱལ་དབང་མཆོག་ལ་གསེར་ཡིག་འབུལ་བར་དབུས་སུ་ཕེབས། ཕྱི་ལོར་བྱང་ལམ་བརྒྱུད་དེ་པེ་ཅིང་དུ་ལོག། གོང་མས་མཚོ་བདུན་དུ་ལྷ་ཁང་གསར་རྒྱག་བྱས་པའི་གཙུག་ལག་ཁང་རྟེན་གསུམ་ཐམས་ཅད་རྗེ་འདི་ལ་གཏད། མེ་ཁྱི(༡༧༠༦)ལོར་གོང་མས་ཀྭོན་ཏིང་ཕུའུ་ཤན་བཀང་ཆི་ཏཱ་གཽ་ཤྲིའི་ལུང་དང་གསེར་ཐམ་གནང་། དགུང་ལོ་རེ་དགུ་པ་ལྕགས་སྟག(༡༧༡༠)ལོར་དགོན་ལུང་དུ་ཕེབས་པའི་ལམ་དུ་སོག་ཡུལ་གྱི་དགོན་སྡེ་ཡོངས་ལ་ཞབས་བཅགས་ཏེ་དམ་ཆོས་ཀྱི་བདུད་རྩི་ཕབ། བདུན་ཅུ་པ་ལྕགས་ཡོས(༡༧༡༡)ལོར་སླར་པེ་ཅིན་དུ་ཕེབས། ཡཱ་དུང་ཇིན་འབྲེལ་སྙིང་པོའི་ཊཱི་ཀྐ་བདེ་གཤེགས་དགོངས་རྒྱན། བྱིན་རླབས་མྱུར་དུ་འཇུག་བྱེད་བླ་མ་ལྷའི་རྣལ་འབྱོར་སྐོར་སོགས་པོད་ལྔ་ཙམ་མཛད། མཐར་དགུང་ལོ་དོན་གསུམ་ལ་ཕེབས་པ་རབ་བྱུང་བཅུ་གཉིས་པའི་ཤིང་རྟ(༡༧༡༤)ལོར་སྐུ་གཤེགས།

language:
Tibetan

2. Thupten Phuntsok Dictionary

མདོ་སྨད་ཙོང་ཁའི་ཉེ་འདབས་གྱི་དགེའི་ཆར་གཏོགས་རྟ་ཕྱུག་ཅེས་པའི་གྲོང་དུ་ཡབ་ཁེ་བ་ཅང་ཨེ་ཡར་དང་ཡུམ་ལོ་བཟའ་ཐར་མོ་མཚོ་གཉིས་ཀྱི་རིགས་སྲས་སུ་རབ་བྱུང་བཅུ་གཅིག་པའི་ཆུ་རྟ (༡༦༤༢) ལོའི་བོད་ཟླ་བཅུ་གཅིག་པར་སྐུ་བལྟམས། ཐང་རིང་དགོན་གྱི་ཁྲི་པ་ཚུལ་ཁྲིམས་རྒྱ་མཚོ་དང་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་བླ་མ་གོང་མ་གྲགས་པ་འོད་ཟེར་གྱི་སྤྲུལ་སྐུར་ངོས་འཛིན་མཛད། དེ་རྗེས་བླ་མ་ཚུལ་ཁྲིམས་རྒྱ་མཚོ་དང་ཕུན་ཚོགས་བཟང་པོ་གཉིས་ཀྱི་དྲུང་ནས་རབ་ཏུ་བྱུང་།མཚན་བསྟན་འཛིན་ལེགས་བཤད་རྒྱ་མཚོ་ཞེས་གསོལ། དགུང་ལོ་ཉི་ཤུ་ལ་ཕེབས་པ་ལྕགས་གླང (༡༦༦༡) ལོར་དབུས་ལྷ་ལྡན་ཞིང་དུ་ཕེབས། ཀུན་གཟིགས་ལྔ་བ་ཆེན་པོ་བློ་བཟང་རྒྱ་མཚོ་མཆོག་གི་སྤྱན་སྔར་དགེ་ཚུལ་གྱི་སྡོམ་པ་མནོས། བློ་བཟང་ཆོས་ལྡན་ཞེས་པའི་མཚན་གནང་། བདུན་ཅུ་པ་ལྕགས་ཡོས (༡༧༡༡) ལོར་སླར་པེ་ཅིན་དུ་ཕེབས། ཡཱ་དུར་ཇིན་འབྲེལ་སྙིང་པོའི་ཊཱིཀྐ་བདེ་གཤེགས་དགོངས་རྒྱན། བྱིན་རླབས་མྱུར་དུ་འཇུག་བྱེད་བླ་མ་ལྷའི་རྣལ་འབྱོར་སྐོར་སོགས་པོད་ལྔ་ཙམ་མཛད། མཐར་དགུང་ལོ་དོན་གསུམ་ལ་ཕེབས་པ་རབ་བྱུང་བཅུ་གཉིས་ཤིང་རྟ (༡༧༡༤) ལོར་སྐུ་གཤེགས།

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ 1642 ལོར་མདོ་སྨད་ཙོང་ཁའི་གཡི་དགེའི་རྟ་ཕྱུག་གྲོང་དུ་ཡབ་རྒྱ་རིགས་ཁེ་བ་ཅང་ཨེ་ཧར་དང་། ཡུམ་ལོ་བཟའ་ཐར་མོ་འཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གཉིས་པའི་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ 1714 ལོར་སྐུ་གཤེགས། ཁོང་ཆུང་དུས་ནས་རོང་བོ་དགོན་གྱི་ཁྲི་བ་ཚུལ་ཁྲིམས་རྒྱ་མཚོ་དང་པཎ་ཆེན་བློ་བཟང་ཆོས་རྒྱན་གཉིས་ཀྱིས་བླ་མ་གོང་མ་གྲགས་པ་འོད་ཟེར་གྱི་སྐུ་སྐྱེ་རུ་ངོས་འཛིན་མཛད། དེ་རྗེས་ཁྲི་པ་ཚུལ་ཁྲིམས་རྒྱ་མཚོ་དང་ཕུན་ཚོགས་བཟང་པོ་གཉིས་ལས་རབ་ཏུ་བྱུང་སྟེ་མཚན་ལ་བསྟན་འཛིན་ལེགས་བཤད་རྒྱ་མཚོ་གསོལ། ཡི་གེའི་འབྲི་ཀློག་ལེགས་པར་སྦྱངས། དགུང་ལོ་དགུ་པར་དགོན་ལུང་དུ་ཕེབས། མདོ་སྔགས་རིག་གནས་བཅས་ལ་སྦྱངས་པ་མཛད། དགུང་ལོ་ཉི་ཤུ་བར་དབུས་སུ་ཕེབས་ནས་རྒྱལ་དབང་ལྔ་བ་ལས་དགེ་ཚུལ་གྱི་སྡོམ་པ་ཞུས། མཚན་ལ་བློ་བཟང་ཆོས་ལྡན་ཞེས་གནང་། དེ་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས་ཏེ་དཔོན་སློབ་ངག་དབང་བློ་གྲོས་རྒྱ་མཚོ་ལས་བཀའ་ཆོས་མང་དུ་གསན། དགུང་ལོ་ཉེར་གསུམ་པར་རྒྱལ་དབང་ལྔ་པ་ལས་དགེ་སློང་གི་སྡོམ་པ་ཞུས། དགུང་ལོ་ཉེར་བདུན་པར་གླིང་བསྲེ་དང་ལྷ་ས་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད། དགུང་ལོ་གསུམ་པར་གཙང་དུ་ཕེབས་ཏེ་ཤར་རྩེའི་[528]མཁན་པོ་བློ་བཟང་པདྨ་ལས་རྗེ་ཙོང་ཁ་པའི་གསུང་འབུམ་སོགས་ཀྱི་ཁྲིད་དང་། སྔགས་པ་དཔོན་སློབ་དགེ་འདུན་དོན་གྲུབ་ལས་དབང་ལུང་རྗེས་གནང་མང་པོ་ཞུས། སྔགས་ཆེན་དཀོན་མཆོག་རྒྱལ་མཚན་དང་དྲུང་པ་རྒྱལ་ཚབ་པ་སོགས་མཁས་གྲུབ་མང་པོ་ལས་མདོ་སྔགས་ཀྱི་གཞུང་ལ་སྦྱངས་པ་མཐར་ཕྱིན་མཛད་པས་མཁས་པའི་གྲགས་པ་ཐོབ། དགུང་ལོ་ཞེ་གཉིས་པར་མདོ་སྨད་དུ་བྱོན། དགུང་ལོ་ཞེ་དྲུག་པར་ཁྲི་ཆེན་ཀླུ་འབུམ་ངག་དབང་བློ་གྲོས་རྒྱ་མཚོའི་ཞབས་ཕྱི་མཛད་ནས་པེ་ཅིན་དུ་ཕེབས། དགུང་ལོ་ཞེ་བདུན་པར་དགོན་ལུང་གི་ཁྲིར་ཕེབས། དགུང་ལོ་ང་གཉིས་པར་གོང་མ་ཁང་ཞིས་པེ་ཅིན་དུ་གདན་དྲངས་ཏེ་དབུ་བླར་བཀུར། ལོ་བཞི་ཙམ་པེ་ཅིན་དུ་བཞུགས་ནས་གསང་བདེ་འཇིགས་གསུམ་གྱི་དབང་ལུང་རྗེས་གནང་རྒྱ་ཆེར་བསྩལ། དགུང་ལོ་ང་དྲུག་པར་རྒྱལ་དབང་མཆོག་ལ་གསེར་ཡིག་འབུལ་བར་དབུས་སུ་ཕེབས། རྒྱལ་དབང་གསེར་ཁྲིར་མངའ་གསོལ་ནས་ཕྱི་ལོ་པེ་ཅིན་དུ་ཕེབས། དགུང་ལོ་རེ་ལྔ་པར་གོང་མས་ཀཱོན་ཏིང་ཕུའུ་ཧྲན་ཀཱོང་ཚི་ཏཱ་གོ་ཤྲིའི་ལུང་དང་གསེར་ཐམ་གནང་། དགུང་ལོ་རེ་དགུ་པར་སོག་ཡུལ་གྱི་དགོན་སྡེ་ཡོངས་ལ་བྱོན་ནས་དམ་པའི་ཆོས་ཀྱི་བདུད་རྩི་ཕབ། དགུང་ལོ་བདུན་ཅུ་པར་པེ་ཅིན་དུ་པཱ་དུར་ཇཱིན་དགོན་པ་བཞེངས་ཏེ་རྣམ་དཀར་དགེ་བའི་ལས་ཀྱི་དུས་འདའ་བར་མཛད། ཁོང་གི་གསུང་རྩོམ་ནི《ལྟ་ཁྲིད་ངེས་དོན་རབ་གསལ》དང་། 《བློ་སྦྱོང་སྙིང་པོ་བསྡུས་པ》། 《རྩ་རླུང་ཐིག་ལེའི་རྣམ་གཞག》། 《བླ་མའི་རྣལ་འབྱོར》། 《བསླབ་བྱ་གསལ་བའི་སྒྲོན་མེ》། 《དགོན་ལུང་གི་བླ་བརྒྱུད་[529]གསོལ་འདེབས་ནོར་བུའི་འཕྲེང་བ》བཅས་ཆོས་ཚན་ཉིས་བརྒྱ་བཅུ་མེད་གཉིས་བཞུགས་སོ།

language:
Tibetan