- lcang lung paN+Di ta ngag dbang blo bzang bstan pa'i rgyal mtshan
- ID:
- T229657
- ལྕང་ལུང་པཎྜི་ཏ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན (Tibetan, Tibetan script, Original)
- > lcang lung paN+Di ta ngag dbang blo bzang bstan pa'i rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
- > chang lung pandita ngawang lo zang tenpé gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རྗེ་འདི་ནི་སོག་པོ་ཚོ་ཆེན་ཞེ་དགུའི་ཡ་གྱལ་སུ་ཉིད་གཡོན་རུའི་ཤོག་ཏུ་ཡབ་ཐའི་ཇི་དོན་གྲུབ་དང་ཡུམ་བདེ་བ་ཅན་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ལྕགས་སྟག (༡༧༧༠) ལོར་འཁྲུངས། དགུང་ལོ་དྲུག་ལ་ལྕང་སྐྱ་རོལ་པའི་རྡོ་རྗེས་ལྕང་ལུང་བློ་བཟང་དཔལ་འབྱོར་གྱི་ཡང་སྲིད་དུ་ངོས་འཛིན་མཛད། དགེ་འཕེལ་དགའ་ལྡན་ཆོས་མཛོད་གླིང་བླ་བླང་དུ་ཕེབས། མཁན་པོ་ངག་དབང་ཚུལ་ཁྲིམས་དཔལ་བཟང་གི་དྲུང་དུ་རབ་བྱུང་བསྒྲུབས། མཚན་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་དུ་གསོལ། གུང་ཐང་བསྟན་པའི་སྒྲོན་མེ་མཇལ་ནས་ཆོས་མང་དུ་གསན། དགུང་ལོ་ཞེ་ལྔ་པར་རང་དགོན་དུ་མཚན་ཉིད་གྲྭ་ཚང་བཙུགས། གོང་མའི་ཞབས་བརྟན་བསྒྲུབ་པར་པེ་ཅིན་དུ་ཐེངས་འགའ་ཕེབས། བཅོམ་འདས་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་གྱི་ཆོ་གའི་ངག་འདོན་གྱི་རིམ་པ་ལེགས་བཤད་བདུད་རྩིའི་ཟིལ་མངར》སོགས་མང་ཙམ་བཀའ་རྩོམ་གནང་། སྐུ་གསུང་ཐུགས་ཀྱི་རྟེན་ཡང་མང་དུ་བཞེངས། དགུང་ལོ་དོན་དྲུག་ལ་ཕེབས་པ་རབ་བྱུང་བཅུ་བཞི་པའི་ཤིང་སྦྲུལ (༡༨༤༥) ལོར་དགོངས་པ་མྱ་ངན་ལས་འདས།
- language:
- Tibetan